ཨུ་རུ་སུས་ཝུའུ་ཁི་ལན་གྱི་ནུས་ཁུངས་སྒྲིག་བཀོད་དང་དམག་སྤྱོད་གྲུ་གཟིངས་ལ་རྡུང་རྡེག་བཏང་བ་བསྟན། ཝུའུ་ཁི་ལན་གྱིས་ཧྥིན་ལན་མཚོ་ཁུགས་སུ་ཨུ་རུ་སུའི་ཟོང་གྲུར་འཇབ་རྒོལ་བྱས་པ་ཁས་བླངས།  
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས24ཉིན་བསྟན་དོན།    ཨུ་རུ་སུའི་དམག་དཔུང་གིས་ཉིན་དེར་ཝུའུ་ཁི་ལན་གྱི་དྲག་ཆས་དཔུང་སྡེར་འགན་སྲུང་བྱེད་པའི་གློག་སྒྱུར་ས་ཚིགས་གསུམ་ལ་རྡུང་རྡེག་བཏང་བ་མ་ཟད།   ཨའོ་ཏི་ས་ལྷོ་ནུབ་ཕྱོགས་ཀྱི་ཧེ་ཧའེ་རྒྱ་མཚོའི་ཆུ་ཁོངས་སུ་ཝུའུ་ཁི་ལན་གྱི་དམག་དཔུང་ལ་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་ཟོང་གྲུ་ཞིག་ལ་རྡུང་རྡེག་བཏང་ཟེར།    ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་གྱིས་ཉིན་དེར་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཨུ་རུ་སུའི་འབར་རྫས་དང་ནུས་ཁུངས་རྨང་གཞིའི་སྒྲིག་བཀོད་ལ་བསྟུད་མར་འཇབ་རྒོལ་བྱས་པར་ཨུ་རུ་སུ་ཕྱོགས་ཀྱིས་ཕྱིར་ལན་སྤྲོད་ངེས་ཡིན་ཟེར།

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལན་སི་ཅི་ཡིས་ཚེས24ཉིན་ཨ་རིའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན།  ཚེས21ཉིན་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཧྥིན་ལན་མཚོ་ཁུགས་ནས་ཨུ་རུ་སུའི་ཟོང་གྲུ“སི་པ་ཏ2པར”མི་མེད་གནམ་གྲུའི་འཇབ་རྒོལ་བྱས་པ་དང་། ཁོས་ཟོང་གྲུ་འདིར་མཚོན་ཆ་ཡོད་ཟེར།