
དབྱི་ལང་སྨྱན་སྦྱོར་གྱིས་ཚེས24ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་ལང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཧ་ཐ་མུས་ཀྱིས་ཉིན་དེར་བསྟན་དོན། དབྱི་ལང་གིས་བཏོན་པའི་ཆ་རྐྱེན་ཁག་བདུན་དོན་འཁྱོལ་མ་བྱས་སྔོན་དུ། དབྱི་ལང་གིས་ཧོ་ཨར་མུའུ་ཙི་མཚོ་འགག་སྒོ་འབྱེད་བྱེད་མི་སྲིད་པ་མ་ཟད། ད་རུང་མཚོ་འགག་གི་བཀག་སྡོམ་སྔར་བས་ཇེ་དམ་དུ་གཏོང་རྒྱུ་ཡིན་ཟེར། དབྱི་ལང་དབྱི་སི་ལན་གསར་བརྗེ་སྲུང་དམག་རུ་ཁག་གི་མཚོ་དམག་གིས་ཚེས25ཉིན་བཤད་རྒྱུར། “སྒྲིག་འགལ་གྱི་སྣུམ་གྲུ”གཉིས་ཧོ་ཨར་མུའུ་ཙི་མཚོ་འགག་ཆུ་ཁོངས་སུ་ཆུ་མདེལ་ལ་ཐོགས་ནས་འགས་གཏོར་བྱུང་བ་མ་ཟད་མེར་ཤོར་ཟེར། ཚེས24ཉིན་ལ་སྣུམ་གྲུ་བཞི་ཆུ་མདེལ་ལ་ཐོགས་ནས་འགས་གཏོར་བྱུང་ཡོད།