
ཚེས25ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་དམག་དཔུང་གིས་མཚན་མོའི་མཁའ་རྒོལ་ཁྲོད་དུ་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་གྱི་ཅ་ཧྲའི་ས་ཁུལ་བྱང་ཕྱོགས་ཀྱི་ནང་ཁུལ་བདེ་འཇགས་ལས་ཁུངས་ཀྱི་འགན་འཁུར་བ་མུའུ་ཧན་མུའུ་ཏི·ཨ་པུའུ·ཨའོ་ཧྥུ་རྐྱེན་ལམ་དུ་བཏང་ཟེར།
གསལ་བསྒྲགས་ནང་ཨ་པུའུ·ཨའོ་ཧྥུ་ཡིས་དབྱི་སི་རལ་གྱི་དམག་མི་དང་དབྱི་སི་རལ་གྱི་མང་ཚོགས་ལ་དམིགས་པའི་འཇབ་རྒོལ་ནང་ཞུགས་ནས་ཧ་མ་སིའི་ཅ་ཧྲ་ས་ཁུལ་གྱི་དམག་དོན་ནུས་པ་སླར་གསོ་བྱེད་རྩིས་བྱས་པ་དང་། དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་དང་ཐེངས་མང་འགལ་ཡོད་ཟེར།
ཅ་ཧྲ་ས་ཁུལ་གྱི་ནང་སྲིད་སྡེ་ཁག་གིས་ཚེས25ཉིན་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཐོ་རེངས་དུས་སུ་ཅ་ཧྲ་གྲོང་ཁྱེར་ནུབ་རྒྱུད་ཀྱི་ཧྲ་ཏིའི་ཡུལ་གྱར་བའི་སྒར་སར་འགས་གཏོར་བཏང་སྟེ། མུའུ་ཧན་མུའུ་ཏི·ཨ་པུའུ·ཨའོ་ཧྥུ་དང་དེའི་གཉེན་ཉེ3འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་བཏང་ཟེར།
དབྱི་སི་རལ་གྱི་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་དང་རྒྱལ་སྲུང་པུའུ་ཀྲང་ཁ་ཚི་གཉིས་ཀྱིས་ཚེས24ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་ཧ་མ་སིའི་ནང་ཁུལ་གྱི་བདེ་འཇགས་ལས་ཁུངས་ཀྱི་འགན་འཁུར་བ་ན་དབྱི་མུའུ·ཨ་པུའུ·ན་ཧི་ལེ་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་རྐྱེན་ལམ་དུ་བཏང་ཟེར།