ཨ་རིའི་ཨའེ་ཨའོ་ཝ་མངའ་སྡེ་ཡིས་ཞ་ཉེའི་འབར་རྫས་ཏུན5ལ་ཉེ་བ་འགད་གཏོར་བྱས།
ཁུངས། ཀློག་གྲངས།

ཚེས25ཉིན་གྱི་སྔ་དྲོར། ཨ་རིའི་སྐམ་དམག་གིས་ཨའེ་ཨའོ་ཝ་མངའ་སྡེ་ཡི་ཤར་ལྷོ་རྒྱུད་ཀྱི་མུས་ཏི་ཨར་ཏོན་གྱི་རྫས་མདེལ་བཟོ་གྲྭ་ཞིག་ཏུ་འབར་རྫས་ཏུན་ལྔ་ལ་ཉེ་བ་བཀོལ་ནས་འགད་སྨན་གྱི་ཏེན་བརྩེགས་ཞ་ཉེ་བཟོས་པས། དེས་སེམས་ཁྲལ་ཆེན་པོ་བསླངས།

ས་གནས་དེའི་སྨྱན་སྦྱོར་གྱིས་སྤེལ་བའི་བརྙན་རིས་ལས་མངོན་པ་ལྟར་ན། འབར་གས་ལས་བྱུང་བའི་དུ་ཞག་དཀར་པོ་དབྱིན་ཁྲེ་བརྒྱ་ཕྲག་ཁ་ཤས་སུ་སླེབས། དུ་ཞག་མགྱོགས་མྱུར་ངང་ཡལ་སོང་ནའང་ཆེད་མཁས་པས་ཉེན་བརྡ་བཏང་སྟེ་བསྟན་དོན། ཉིན་ཁ་ཤས་འགོར་ན་ད་གཟོད་ཞ་ཉེ་ག་ཙམ་ཞིག་དམངས་ཀྱི་སྡོད་ཁང་དང་། སློབ་གྲྭ  ཞིང་ར་བཅས་སུ་ཁྱབ་ཡོད་པ་ཤེས་ཐུབ།

ཕུའུ་ཏུའུ་སློབ་ཆེན་གྱི་གནོད་འཚེའི་འཆར་འགོད་ཆེད་མཁས་པ་ཨན་ཏི་ལུའུ་·ཧུའེ་ཨར་ཏོན་གྱིས་ཨ་རིའི་རྒྱལ་ཁབ་ཀྱི་སྤྱི་པའི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ལ་བཤད་རྒྱུར། འབར་གས་ཀྱིས་བྱིས་པ་དང་སྦྲུམ་མར་མི་མངོན་པའི་གནོད་འཚེ་ཐེབས་ཚད་ཆེས་ཆེ་བ་ཡིན་ལ། མཁའ་རླུང་ངམ་དངོས་གཟུགས་ཀྱི་ཕྱི་ངོས་ལ་ཞ་རྡུལ་ལྷག་ལུས་ཡོད་པ་དང་། དུ་རྡུལ་དེ་རྫས་མདེལ་བཟོ་གྲྭ་དང་བར་ཐག་དབྱིན་ལེ100ཡི་ཕན་ཆད་ཀྱི་ས་ཁུལ་དུ་མཆེད་སྲིད།

ཉེ་འགྲམ་གྱི་དབྱི་ལི་ནུའོ་དབྱི་མངའ་སྡེ་དང་མུས་སུའུ་ལི་མངའ་སྡེ་ཡིས་ལྟ་ཞིབ་ཚད་ལེན་དང་འཕྲལ་སྡོམ་གྲ་སྒྲིག་གང་ལེགས་བྱས།

ཏན་བརྩེགས་ཞ་ཉེ་ནི་འཛམ་གླིང་འཁྲུག་ཆེན་དང་པོ་ནས་བཟུང་བཀོལ་སྤྱོད་བྱེད་བཞིན་ཡོད། ཐེངས་འདིར་འབར་གས་བྱུང་བའི་ཏན་བརྩེགས་ཞ་ཉེ་ནི་ལོ17གྱི་སྔོན་ལ་ཨའེ་ཨའོ་ཝ་མངའ་སྡེ་ཡི་འགེབས་སྲུང་ཁྲོད་སྤར། ས་དེའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། འབྲེལ་ཡོད་ཕྱོགས་ཀྱིས་ཏན་བརྩེགས་ཞ་ཉེ་འདི་དག་ཡོངས་སུ་གྲུབ་ཟིན་པ་མ་ཟད་གཏན་འཇགས་མིན་པ་ཤེས་རྟོགས་བྱུང་ལ། དྲོད་ཚད་དམའ་སྐབས་ཚོད་འཛིན་བྱེད་མི་ཐུབ་པར་འབར་གས་འབྱུང་སྲིད། དེའི་རྐྱེན་གྱིས་ཚོད་འཛིན་འབར་གས་ཀྱི་བྱེད་ཐབས་སྤྱད་པ་རེད།

ཐེངས་འདིའི་འབར་གས་ལ་ཚེས23ཉིན་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་ཞིག་ནས་ཆོག་མཆན་ཐོབ་པ་དང་། ཡར་སྔོན་ཐེངས་མང་པོར་ནར་འགྱངས་བྱས་མྱོང་།