དབྱི་ལང་གི་དྲག་ཆས་དམག་དཔུང་གིས་ཁི་ཝེ་ཐི་ཡི་སྒྲིག་ཆས་གཙོ་བོར་འཇབ་རྒོལ་བྱས་པའི་དོན་དེ་ཁས་མ་བླངས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཚེས26ཉིན་བསྒྲགས་པ་ལྟར་ན། དབྱི་ལང་གི་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པ་ཞའེ་ཁཱ་ཨར་ཞི་ཡིས་ཉིན་དེར་ཁི་ཝེ་ཐི་དམག་ཕྱོགས་ཀྱི་འབྲེལ་ཡོད་དབྱི་ལང་དམག་དཔུང་གིས་ཁི་ཝེ་ཐི་ཡི་སྒྲིག་ཆས་གཙོ་བོ་ཞིག་ལ་ཚོད་འཛིན་བྱས་པ་ཁས་མ་བླངས་པ་དང་། དབྱི་ལང་གི་དྲག་ཆས་དམག་དཔུང་གིས་ས་ཁུལ་དེར་དམག་དོན་འགུལ་སྐྱོད་ཅི་ཡང་སྤེལ་མེད་ཟེར།

ཞའེ་ཁཱ་ཨར་ཞི་ཡིས་བཤད་རྒྱུར། འབྲེལ་ཡོད་ཚོད་འཛིན་གྱི་དམིགས་ཡུལ་ནི་དགྲ་ཕྱོགས་འགུལ་སྐྱོད་ལ་མུ་མཐུད་དུ་འགེབས་སྲུང་བྱེད་པར་མ་ཟད། ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་རྩིས་ཡོད་པ་དེ་རེད་ཟེར།

ཁི་ཝེ་ཐི་དམག་ཕྱོགས་ཀྱིས་ཚེས26ཉིན་གྱི་སྔ་ཙམ་ལ་བཤད་རྒྱུར། དབྱི་ལང་གིས་རྒྱལ་ཁབ་དེའི་སྒྲིག་ཆས་གཙོ་བོར་འཇབ་རྒོལ་བྱས་ནས་དབྱི་ཐ་ལི་ཡི་མི་གཉིས་རྐྱེན་ལམ་དུ་ཤོར་ཟེར། དབྱི་ཐ་ལིའི་ཕྱི་འབྲེལ་པུའུ་ཡིས་དེའི་རྗེས་སུ་རྐྱེན་ལན་དུ་ཤོར་བའི་མི་གཉིས་ནི་འཇར་མན་དམག་དོན་བཟོ་ལས་ཁེ་ལས་ལའེ་དབྱིན་ལྕགས་རིགས་ཚད་ཡོད་ཀུང་ཟིའི་ཁོངས་གཏོགས་ཀྱི་དབྱི་ཐ་ལིའི་ཀུང་ཟིའི་ལག་རྩལ་མི་སྣ་ཡིན་ལ། དོན་རྐྱེན་འབྱུང་སྐབས་ཁི་ཝེ་ཐིའི་དྲག་ཆས་དམག་དཔུང་གི་མཁའ་སྲུང་མ་ལག་གི་ཆེད་དུ་རེག་བརྡ་འཚོལ་ཞིབ་ཀྱི་གནམ་སྐུད་ཉམས་གསོ་བྱེད་བཞིན་ཡོད་པ་བདེན་དཔང་བྱས།

ལྷ་མོ་འཚོས་བསྒྱུར།