
ཚེས25ཉིན། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཀྲུང་གོའི་རྒྱུན་སྡོད་འཐུས་ཚབ་ཚོགས་པས་སུའེ་ཙེར་རི་ནེ་ཝའི་འཛམ་གླིང་ཉོ་ཚོང་རྩ་འཛུགས་སྤྱི་ཁྱབ་པུའུ་རུ“ཀྲུང་གོ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་ནས་ལོ25འཁོར་བ་སྟེ་སྒོ་འབྱེད་དང་འཕེལ་རྒྱས། གོ་སྐབས”བཅས་ཀྱི་རིམ་པ་མཐོ་བའི་གླེང་མོལ་ཚོགས་འདུ་གཙོ་སྒྲུབ་བྱས། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པས་ཀྲུང་གོ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་པའི་ཚུན་གྱི་སྒོ་འབྱེད་ལག་ལེན་དང་འཕེལ་རྒྱས་གྲུབ་འབྲས། འཛམ་གླིང་གི་བྱས་རྗེས་བཅས་ཀྱི་ཐད་གྲོས་བསྡུར་བྱས་པར་མ་ཟད། མ་འོངས་པར་ཇི་ལྟར་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་སྔར་ལས་ལེགས་པོ་བྱས་ཏེ། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་བར་མཉམ་དུ་གྲོས་བསྡུར་བྱས།
འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དབྱི་ཝུའེ་ལ་ཡིས་ཀྲུང་གོ“འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་པའི”ཚུན་དུ་དཔལ་འབྱོར་འཕར་སྣོན་དང་དབུལ་མཐར་མཁྲེགས་གཏོར། ཚན་རྩལ་གསར་གཏོད་སོགས་ཀྱི་ཐད་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། དེ་བཞིན་འཛམ་གླིང་ལ་བྱས་རྗེས་བཞག་པར་ཚད་མཐོའི་གདེང་འཇོག་བྱས་ཏེ། ཀྲུང་གོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཁོངས་ཞུགས་རྒྱལ་ཁབ་གཞན་དག་ལ་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ནང་འདྲེས་པར་མིག་དཔེ་བསྟན་པར་འདོད།