ཕ་ཁི་སི་ཐན་གྱི་ལས་རིགས་ཁག་གིས་ཕ་ཀྲུང་མཁའ་སྐྱོད་པ་ལག་གདང་སྦྲེལ་ནས་མཁའ་དབྱིངས་སུ་བསྐྱོད་པར་རྟེན་འབྲེལ་ཞུས།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཕ་ཁི་སི་ཐན་གྱི་ལས་རིགས་ཁག་གི་མི་སྣས་བསྟན་དོན། ཀྲུང་གོས་མཁོ་འདོན་བྱས་པའི་རྩ་ཆེའི་གོ་སྐབས་ལས་ཕ་ཁི་སི་ཐན་གྱི་མཁའ་སྐྱོད་པ་ཀྲུང་གོའི་བར་སྣང་ས་ཚིགས་སུ་སླེབས་པའི་ཕྱི་རྒྱལ་གྱི་མཁའ་སྐྱོད་པ་ཐོག་མ་རུ་གྱུར་ཡོད་ལ། ཕ་ཁི་སི་ཐན་གྱི་མཁའ་སྐྱོད་ལས་དོན་དེ་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་སུ་སླེབས། ད་ཐེངས་ཀྱི་མཁའ་སྐྱོད་མཉམ་ལས་ནི་ཕ་ཀྲུང་གི་དུས་རྣམ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་གཞན་ཞིག་རེད།

ཚེས25ཉིན་གྱི་ལྷ་གྲུ་ཉེར་བཞི་པའི་མི་སྡོད་འཕུར་སྐྱོད་ལས་འགན་ལ་ཕ་ཁི་སི་ཐན་གྱི་སྨྱན་སྦྱོར་ཆེ་གྲས་ཁག་གིས་བརྒྱུད་རིམ་ཧྲིལ་པོར་དོ་ཁུར་བྱས་ཤིང་རྒྱལ་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱས།

ཕ་ཁི་སི་ཐན་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱས།    ཕ་ཁི་སི་ཐན་རྒྱལ་ཡོངས་ཀྱིས་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་དེར་དོ་སྣང་བྱས།    ཕ་ཁི་སི་ཐན་གྱི་མཁའ་སྐྱོད་པ་ཐོག་མས་སའི་གོ་ལ་ནས་སྐར་ཚོགས་སུ་བསྐྱོད་པའི་འགྲུལ་བཞུད་ཅིག་གི་སྒོ་ཕྱེས་ཡོད།    ང་ཚོས་ཕ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཁའ་སྐྱོད་པ་བར་སྣང་དུ་བསྐྱོད་པའི་ལེའུ་གསར་པར་བསུ་མ་བྱེད།

ཕ་ཁི་སི་ཐན་རྒྱལ་ཁབ་ས་ཁམས་ཆ་འཕྲིན་མ་ལག་དང་བར་སྣང་བཀོལ་སྤྱོད་ལྟེ་གནས་ཀྱི་ཀྲུའུ་རེན་ན་ཅ་མུའུ·ཨ་པ་སི་ཡིས་བཤད་རྒྱུར། འདི་ནི་ང་ཚོའི་རྒྱལ་ཁབ་ཀྱི་གཟི་བརྗིད་ཡིན།    ཕ་ཀྲུང་མཉམ་ལས་དང་མཛའ་བརྩེའི་མཚོན་རྟགས་ཤིག་ཀྱང་ཡིན་།    སྐབས་འདིར་ང་ཚོར་སྤོབས་པ་ཚད་མེད་སྐྱེས་བྱུང་།    ཕ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཁའ་སྐྱོད་པ་མཉམ་དུ་ཀྲུང་གོའི་བར་སྣང་ས་ཚིགས་སུ་བཅའ་སྡོད་བྱས་པ་འདི་ནི་རྒྱལ་ཁབ་གཉིས་བར་ཕན་ཚུན་ཡིད་ཆེས་དང་། ཚན་རྩལ། འཇོན་མི་གསོ་སྐྱོང་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱས་པའི་ནུས་ལྡན་མཚོན་ཚུལ་ཞིག་རེད།

ཕ་ཁི་སི་ཐན་གྱི་བར་སྣང་དང་མཐོ་རིམ་རླུང་ཁམས་ཆེན་མོའི་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གི་གནམ་གཤིས་མཁའ་སྐྱོད་ལས་དོན་གྱི་ཅུས་ཀྲང་གཞོན་པ་མུའུ་ཧན་མུའུ་ཏི·ཧྥ་ལུའུ་ཁི་ཡིས་བཤད་རྒྱུར།   ཕ་ཀྲུང་བར་ཕྱི་འབྲེལ་བཙུགས་ནས་ལོ75འཁོར་བའི་སྐབས་འདིར།    ཐེངས་འདིའི་མཁའ་དབྱིངས་འཕུར་སྐྱོད་ལས་འགན་ལ་དོན་སྙིང་གལ་ཆེན་ལྡན།    ང་ཚོས་ཀྲུང་གོས་མཁོ་འདོན་བྱས་པའི་རྩ་ཆེའི་གོ་སྐབས་འདིར་ཐུགས་རྗེ་ཆེ་ཞུ་བ་དང་།     ཕ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་ཕྱིན་ནས་མདུན་ལམ་སྔར་ལས་ཡངས་པ་གཏོད་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད་ཟེར།

ཕ་ཁི་སི་ཐན་གྱི་གསར་འགྱུར་དང་རླུང་འཕྲིན་པུའུ་ཡི་པུའུ་ཀྲང་། ཐ་ལ་ཨར་གྱིས་བཤད་རྒྱུར། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕ་ཁི་སི་ཐན་གྱི་སྲིད་འཛིན་དང་ཙུང་ལི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུས་པ་རེད། འདི་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉིན་ཞིག་རེད། ནམ་ཡང་ཕ་ཀྲུང་མཛའ་བརྩེ་ཡི་ལོ་རྒྱུས་སྟེང་དུ་བརྐོས་ཡོད། ང་ཚོས་རྒྱུན་དུ་ཕ་ཀྲུང་མཛའ་བརྩེ་ནི་ཧི་མ་ལ་ཡ་ལས་ཀྱང་མཐོ་ཟེར་བཞིན་ཡོད་ལ། ད་ལྟ་མཛའ་བརྩེ་འདི་མཐོ་ཚད་དེ་ལས་བརྒལ་ཡོད།

ཉིན་དེར་ཕ་ཁི་སི་ཐན་གྱི་ས་ཆ་མང་པོར་ལྟ་གཟིགས་བྱེད་སྒོ་དང་མཁའ་དབྱིངས་བརྗོད་དོན་གཙོ་བོའི་རྟེན་འབྲེལ་བྱེད་སྒོ་སྒྲིག་འཛུགས་བྱས་པ་རེད། ཕ་ཁི་སི་ཐན་གྱི་ལས་རིགས་ཁག་གི་མི་སྣས་བསྟན་དོན། ཕ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཁའ་སྐྱོད་པས་ལག་གདང་སྦྲེལ་ནས་མཉམ་དུ་མཁའ་དབྱིངས་སུ་བསྐྱོད་པ་དེས། ཁོ་ཚོར་སེམས་འགུལ་དང་སྤོབས་པ་སྐྱེ་རུ་བཅུག་ལ། འདི་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉིན་ཞིག་ཡིན་ཟེར།

ཕ་ཁི་སི་ཐན་གྱི་སློབ་མ་ཞིག་གིས་བཤད་རྒྱུར། མཁའ་སྐྱོད་པ་མུའུ་ཧན་མུའུ་ཏི·ཆི་ཧྲང·ཨ་ལིས་ཀྱིས་ཕ་ཁི་སི་ཐན་གྱི་བྱིས་པ་ཚང་མའི་ཕུགས་འདུན་འཁྱེར་ཡོད། ང་ཚོ་མི་མང་པོ་ཞིག་གིས་ཆུང་དུས་ནས་མཁའ་དབྱིངས་འཚོལ་ཞིབ་བྱ་རྒྱུར་རེ་སྨོན་བྱེད་ཀྱིན་ཡོད། སྔོན་ཆད་གོ་སྐབས་མེད་པས་ནམ་ཡང་བློ་ཕམ་བྱུང་། ད་ལྟའི་རྣམ་པ་འདི་མཐོང་བས་ང་ལ་སེམས་འགུལ་ཐེབས་སོང་། ཁོས་ཕུགས་བསམ་འདི་ཕྲག་ཏུ་འཁུར་ལ། འདི་ཡིས་ཕ་ཁི་སི་ཐན་གྱི་མི་དུང་ཕྱུར་གཉིས་བྱེ་བ་ལྔ་ཡི་རེ་འདུན་མཚོན་ཡོད་ཟེར།

ཕ་ཁི་སི་ཐན་གྱི་སློབ་མ་ཞིག་གིས་བཤད་རྒྱུར། མུའུ་ཧན་མུའ་ཏི་·ཆི་ཧྲང་·ཨ་ལིས་མཁའ་དབྱིངས་སུ་བསྐྱོད་པ་མཐོང་སྐབས། ང་སྤོབས་པ་ཚད་མེད་སྐྱེས་བྱུང་། ངས་ཐ་ན་རང་ཉིད་ཁོ་ཡོད་སར་ལངས་ཡོད་པར་འཆར་ཡན་བྱས་པ་ཡིན།འདིས་ཕ་ཁི་སི་ཐན་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གོ་སྐབས་བསྐྲུན་ཞིང་།  མཁའ་འགྲུལ་མཁའ་སྐྱོད་ཀྱི་འབྲེལ་ཡོད་ཁྱབ་ཁོངས་སུ་བསྐྱོད་པའི་མ་འོངས་པའི་སྒོ་ཆེན་ཕྱེ་བ་རེད་ཟེར།

ཕ་ཁི་སི་ཐན་གྱི་གྲོང་མི་ཞིག་གིས་བཤད་རྒྱུར། ང་ཚོའི་རྒྱལ་ཁབ་ཀྱི་ལག་རྩལ་ཆུ་ཚད་སྔོན་ཐོན་མིན་སྲིད་མོད། ཀྲུང་གོའི་མཁའ་སྐྱོད་དང་མཉམ་ལས་བྱས་པར་བརྟེན་ནས། ང་ཚོས་བྱིས་པ་ཚོའི་འོད་སྟོང་ལྡན་པའི་མ་འོངས་པ་མཐོང་བྱུང་། དོན་དག་འདིས་ང་ཚོར་སེམས་གཏིང་ནས་དགའ་རུ་བཅུག་སོང་ཟེར།