
ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཚེས26ཉིན་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཁོས་ཉེ་སྔོན་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིང་དང་གྲོས་མོལ་བྱེད་སྐབས་དེས་མྱུར་དུ་ཝུའུ་ཁོ་ལན་དང་གྲོས་མཐུན་བཞག་ནས། ཨུ་རུ་སུ་དང་ཝུའུ་ཁོ་ལན་གྱི་འགལ་བ་མཚམས་འཇོག་པར་སྐུལ་མ་བཏང་ཟེར།
ཐི་ལང་ཕུའུ་ཡིས་བཤད་རྒྱུར། ཁོ་དོན་དེ་མངོན་འགྱུར་འབྱུང་སྲིད་པར་ཡིད་ཆེས་བརྟན་པོ་བྱས་ཡོད་པར་མ་ཟད། གལ་ཏེ་གྲོས་མཐུན་བྱུང་ན། ཚང་མར་བྱས་རྗེས་ཆེན་པོ་ཞིག་བཞག་པ་རེད་ཟེར།
ཐི་ལང་ཕུའུ་ཡིས་ད་རུང་བཤད་རྒྱུར། ཁོས་ཚེས25ཉིན་གྱི་དགོང་མོར་ཧྥུའུ་ལའོ་ལི་ཏཱ་མངའ་སྡེའི་ཧའེ་ཧུའུ་གཞིས་ཀ་རུ་ནུབ་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་མཐུན་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལུའི་ཐི་དང་ཐུག་འཕྲད་བྱེད་སྐབས། ཁོ་དང་ཕུའུ་ཅིང་གཉིས་ཀྱི་གྲོས་མོལ་ནང་དོན་བཤད་ཡོད་ཟེར།
ཉིན་དེའི་སྔ་ཙམ་ལ། ཐི་ལང་ཕུའུ་ཡིས་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཁོས་ལུའི་ཐི་དང་ཐུག་འཕྲད་བྱེད་སྐབས་ཨུ་རུ་སུ་དང་ཝུའུ་ཁོ་ལན་བར་གྱི་འགལ་བ་དང་དབྱི་ལང་གི་དམག་འཁྲུག་གཙོ་བོར་བཟུང་ནས་གྲོས་སྡུར་བྱས་པ་དང་། ཨུ་རུ་སུ་དང་ཝུའུ་ཁོ་ལན་ཕྱོགས་གཉིས་ཀྱིས་འགལ་བ་ཇེ་ཆེར་འགྲོ་བའི་འགུལ་སྐྱོད་གང་རུང་སྤྱོད་མི་རུང་ལ། དེ་དང་མཉམ་དུ་ཞི་བའི་ཐབས་ལ་བརྟེན་ནས་འགལ་བ་འདི་མྱུར་མོར་ཐག་གཅོད་དགོས་ཟེར།
ལྷ་མོ་འཚོས་བསྒྱུར།