རྒྱལ་སྤྱིའི་མི་སྣས་ཀྲུང་གོའི་མཁའ་སྐྱོད་ཀྱི་རྒྱལ་སྤྱིའི་མཉམ་ལས་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

རྒྱལ་སྤྱིའི་མི་སྣས་བསྟན་དོན། ཀྲུང་གོས་བྱ་སྤྱོད་དངོས་ལ་བརྟེན་ནས་མཁའ་སྐྱོད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ལ་མཁའ་སྐྱོད་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་རྒྱལ་ཁབ་སོ་སོའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན།

ཨ་རིའི་པུའུ་ལང་སློབ་ཆེན་གྱི་སའི་གོ་ལ་དང་། ཁོར་ཡུག་དང་རྒྱུ་སྐར་ཚན་རིག་གླིང་གི་དགེ་རྒན་ཆེན་མོ་ཀྲན་མུའུ་སི·ཧི་ཏེ་ཡིས་བཤད་རྒྱུར། ངས་བསམ་ན་འདི་ནི་ཧ་ཅང་འགྲན་ཟླ་བྲལ་བའི་བྱ་བ་ཞིག་རེད། བར་སྣང་འཚོལ་ཞིབ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས།   ཚན་རིག་གི་གཞི་གྲངས་མཉམ་སྤྱོད་བྱས་པ་དེས། ཉམས་མྱོང་བརྗེ་རེས་ལ་སྐུལ་སྤེལ་བཏང་ནས་རྒྱལ་ཁབ་གཞན་དག་གི་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པར་མ་ཟད། འདིས་ཀྱང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་འདུ་ཤེས་ལེགས་པར་མཚོན་ཐུབ་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏི་ཡ་ལི་ཁེ་ཡིས་བཤད་རྒྱུར། ང་ཚོས་ཕ་ཁི་སི་ཐན་གྱི་མཁའ་སྐྱོད་པ་ཞིག་ཐེངས་འདིའི་མཁའ་སྐྱོད་ལས་འགན་ཁྲོད་ཞུགས་པར་དགའ་བསུ་ཞུས་པ་ཡིན། ངས་བསམ་ན་ཀྲུང་གོས་ཕྱི་རིམ་གྱི་བར་སྟོང་ཞི་བདེའི་ངང་བེད་སྤྱོད་ཐུབ་པར་འགན་ལེན་བྱས་པ་དང་། དེ་མིན་བར་སྣང་འཚོལ་ཞིབ་དང་དེ་ལས་བྱུང་བའི་ཚན་རིག་གི་གྲུབ་འབྲས་ཀྱིས་རྒྱལ་ཁབ་ཡོངས་ལ་ཕན་ཐོགས་པའི་ཐད་འགན་ལེན་བྱེད་པར་ནུས་པ་གལ་ཆེན་འདོན་ཐུབ་ཀི་ཟེར།

ཨུ་རུ་སུའི་ཚན་རིག་གླིང་མཁའ་སྐྱོད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་།  ཨ་ན་ཐུའོ་ལི·པི་ཏེ་ལུའུ་ཁོའོ་ཝུའེ་ཆི་ཡིས་བཤད་རྒྱུར། ། ངས་བལྟས་ན་ཀྲུང་གོའི་མཁའ་སྐྱོད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་མདུན་ལྗོངས་རྒྱ་ཆེན་པོ་ཡོད།    མི་སྡོད་མཁའ་སྐྱོད་ཕུད་ཀྲུང་གོས་ད་དུང་ཐག་ཉེ་སའི་འཁོར་ལམ་སྲུང་སྐར་སོགས་ཁྱབ་ཁོངས་སུ་རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་ལ་སྐུལ་འདེད་གཏོང་བཞིན་ཡོད་པར་མ་ཟད།     ཀྲུང་གོའི་ཟླ་བའི་གོ་ལའི་འཚོལ་ཞིབ་ཡོ་བྱད་ཐོག་རྒྱལ་སྤྱིའི་ཚན་རིག་གི་ཐེག་ཁུར་ཡང་ཡོད་པས།     ཀྲུང་གོ་ནི་འཛམ་གླིང་གི་མཁའ་སྐྱོད་ཀྱི་སྐས་རིམ་དང་པོར་གྱུར་ཡོད་ཟེར།

ཡོ་རོབ་ཀྱི་བར་སྣང་ཚན་རིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ལུའོ་པོ་ཐུའོ་·པ་ཏི་སི་ཡིས་བསྟན་དོན། ངས་གོ་སྐབས་འདི་དང་བསྟུན་ནས་ཀྲུང་གོའི་མཁའ་སྐྱོད་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་བར་རྟེན་འབྲེལ་ཞུ།      ལྷ་གྲུ་ཉེར་བཞི་པའི་བར་སྣང་འཚོལ་ཞིབ་ཀྱི་ལས་འགན་ལ་ཕ་ཁི་སི་ཐན་གྱི་མཁའ་སྐྱོད་མི་སྣ་གདན་འདྲེན་ཞུས་པ་འདིས་རྒྱལ་སྤྱིའི་མཁའ་སྐྱོད་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་མཚོན་ཡོད་ཟེར།

ཀྲི་ལི་སློབ་ཆེན་གྱི་དགེ་རྒན་ཆེན་མོ། ཀྲི་ལིའི་བར་སྣང་དང་རྒྱུ་སྐར་འཚོལ་ཞིབ་ཚོད་ལྟ་ཁང་གི་མཐུན་སྦྱོར་པ།  མཱ་ཁོ་སི·ཏི་ཡ་ཙི་ཡིས་བཤད་རྒྱུར།   འདས་ཟིན་པའི་ལོ་བཅུ་ཕྲག་འགའི་ནང་ཀྲུང་གོས་བླངས་བའི་མཁའ་སྐྱོད་གྲུབ་འབྲས་ལ་འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་བཞིན་ཡོད། འཛམ་གླིང་ཡོངས་ལ་དོན་སྙིང་གལ་ཆེན་ལྡན་པ་དང་དུས་མཚུངས་སུ་ཀྲུང་གོས་རྒྱལ་སྤྱིའི་མཉམ་ལས་སྒོ་འབྱེད་བྱས་ཏེ། ཧུར་ཐག་གིས་བར་སྣང་ཐོན་ཁུངས་མཉམ་དུ་གསར་འབྱེད་དང་ཞི་བདེ་བེད་སྤྱོད་བྱས་ནས། རྒྱལ་ཁབ་གཞན་དག་དེའི་ནང་ཞུགས་པར་མ་ཟད་དེའི་ཁྲོད་ནས་སློབ་སྦྱོང་བྱས་ནས་ཕན་པ་ཐོབ་ཏུ་བཅུག ཐེངས་འདིར་ཕ་ཁི་སི་ཐན་དང་མཉམ་ལས་བྱས་པ་ནི་རྒྱལ་ཁ་ཐོབ་པའི་དཔེ་མཚོན་ཞིག་རེད་ཟེར།