ཨུ་རུ་སིའི་ཙུང་ཐུང་གིས་ཨུ་རུ་སི་རྒྱལ་ཁབ་ཀྱིས་མཚོ་དམག་གི་མཚོན་ཆ་དང་སྒྲིག་ཆས་མྱུར་དུ་གསར་བསྒྱུར་བྱེད་རྒྱུ་ཡིན་པར་བཤད་པ།
ཁུངས། ཀློག་གྲངས། 40

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་ཉིན་ཨུ་རུ་སིའི་ནུབ་བྱང་ཕྱོགས་ཀྱི་མའོ་ཨར་སི་ཁི་བྱང་མ་གྲོང་ཁྱེར་ནས་པུས་ཏི་ཏཱ་ཏིས་རྟགས་ཅན་གྱི་ཉིང་རྡུལ་སྒུལ་ཤུགས་ཅན་གྱི་འཕུར་མདའི་སྐོར་གཡེང་གྲུ་གཟིངས་ལ་བྱ་དགའི་རྟགས་མ་སྟེར་སྐབས་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་མཚོ་དམག་གི་མཚོན་ཆ་དང་སྒྲིག་ཆས་མྱུར་དུ་གསར་བསྒྱུར་བྱས་ཏེ། མ་འོངས་པའི་ལོ་འགའི་ནང་ཆུ་ངོས་དང་ཆུ་འོག་གི་གྲུ་གཟིངས་གསར་བ་བརྒྱ་ལྷག་རྒྱལ་ཁབ་རང་གི་མཚོ་དམག་ལ་སྤྲོད་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། སྟོབས་དང་ལྡན་ཞིང་ཕན་ནུས་མཐོ་བའི་མཚོ་དམག་འཛུགས་པ་ནི་ཨུ་རུ་སིའི་དམག་དོན་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བའི་ལས་འགན་གཙོ་བོ་ཡིན། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་སྔོན་ཨ་མེ་རི་ཁའི་སྒོར་མོ་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གསུམ་ཐེར་འབུམ་གཅིག་དུང་ཕྱུར་བདུན་བཏང་སྟེ་མཚོ་དམག་ལ་དམག་གྲུ་བཀོད་སྒྲིག་བྱེད་པའི་འཆར་གཞི་ཡོད་ཟེར།

ཉིན་དེར་བྱང་གི་རླུང་ལྷ་རིམ་པའི་འཐབ་ཇུས་ཉིང་རྡུལ་ཆུ་འཛུལ་གྲུ་གཟིངས་ཡུག་ལི་ཏའོ་ཨར་ཀི་ལུའུ་ཅི་རྟགས་ཅན་དངོས་སུ་ཨུ་རུ་སིའི་མཚོ་དམག་ལ་སྤྲད་པ་དང་། ཉིང་རྡུལ་ཆུ་འཛུལ་གྲུ་གཟིངས་དེ་དུས་