ཨུ་རུ་སིའི་མཚོ་དམག་གིས་མཚོ་ནག་དང་ས་དཀྱིལ་མཚེའུའི་མཚོ་ཁོངས་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས་པ།
ཁུངས། ཀློག་གྲངས། 36

ཨུ་རུ་སིའི་རྒྱལ་སྲུང་པུའུ་གསར་འགྱུར་ཅུའུ་ཡིས་ཚེས་བཅུ་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཨུ་རུ་སིའི་མཚོ་དམག་གི་གྲུ་གཟིངས་རུ་ཁག་ཆེན་པོ་གསུམ་གྱིས་མཚོ་ནག་དང་ས་དཀྱིལ་མཚེའུའི་མཚོ་ཁོངས་ནས་ལོ་ངོ་བཅུ་ཕྲག་འགའི་རིང་གི་གཞི་རྒྱ་ཆེས་ཆེ་བའི་དམག་དཔུང་གྲུ་གཟིངས་རུ་ཁག་བར་གྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས་ཟེར།

གསར་འགྱུར་ཅུའུ་ཡིས་བཤད་རྒྱུར། མཚོ་ནག་གྲུ་གཟིངས་རུ་ཁག་དང་། པོ་ལོ་ཏི་མཚོ་གྲུ་གཟིངས་རུ་ཁག བྱང་ཕྱོགས་གྲུ་གཟིངས་རུ་ཁག་བཅས་ཀྱི་དམག་གྲུ་བརྒྱད་དང་འགན་སྲུང་མཁོ་སྒྲུབ་གྲུ་གཟིངས་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཞུགས། དེའི་ནང་མའོ་སི་ཁི་རྟགས་ཅན་གྱི་འཕུར་མདའི་སྐོར་གཡེང་གྲུ་གཟིངས་དང་། མའོ་ཨར་སི་ཁི་བྱང་མ་རྟགས་ཅན་གྱི་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་གྲུ་གཟིངས་ཆེན་མོ། ཅི་མེན་རྟགས་ཅན་གྱི་བདེ་སྲུང་གྲུ་གཟིངས། སཱ་ལཱ་ཐོ་ཧྥུའུ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོ་སོགས་འདུས།

ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་གྱི་ལས་འགན་གཙོ་བོ་ནི་དམག་དོན་དོ་དམ་ལས་ཁུངས་དང་གྲུ་གཟིངས་རུ་ཁག་གི་རྒྱང་རིང་མཚོ་མཐའ་བརྒྱུད་པའི་འཐབ་འཁྲུག་ལས་འགན་ཡོངས་འགྲུབ་བྱེད་པར་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་ཆེད་དུ་རེད།