
བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཕྱིན་ཆད་དམག་དོན་སྦྱོང་བརྡར་ལ་ཤུགས་སྣོན་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་བར་གྱི་རོགས་ལས་འཐབ་འཁྲུག་ནུས་པ་ཇེ་མཐོར་བཏང་ནས། བྱང་ཆིངས་རྩ་འཛུགས་ཀྱིས་མ་འོངས་པའི་འགྲན་རྩོད་ཐག་གཅོད་ཐུབ་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།
ཚོགས་ཡུན་ཉིན་གཉིས་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྲུང་བློན་ཆེན་གྱི་གྲོས་ཚོགས་ཚེས་ཉེར་གཅིག་ཉིན་པུའུ་ལུའུ་སེར་དུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས་པ་དང་། ལཱ་སི་མུའུ་སིན་གྱིས་ཉིན་དང་པོའི་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་རྒྱལ་སྲུང་བློན་ཆེན་གྱིས་རོགས་ལས་འཐབ་འཛིང་དམག་དཔུང་ལ་ཡར་སྐུལ་གཏོང་བའི་འདོད་བློར་འཐད་པ་བྱུང་ཡོད་ཅིང་། སློབ་གསོ་དང་གསོ་སྦྱོང་། དམག་དོན་སྦྱོང་བརྡར་བཅས་ལ་ཤུགས་སྣོན་བྱས་ཏེ་རོགས་ལས་འཐབ་འཁྲུག་བྱེད་པའི་ནུས་པ་སྲུང་འཛིན་དང་འཕེལ་རྒྱས་སུ་གཏོང་བར་འཐད་པ་བྱུང་ཡོད་ཟེར།
ཁོས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་དམག་དོན་ཆེད་མཁས་པས་དོན་དེའི་ཐད་གྲོས་གཞི་ཞིབ་རྒྱས