ཧྥེ་ལེ་པེན་དང་ཨ་མེ་རི་ཁས་ཟླ་བཞི་བར་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་པ།
ཁུངས། ཀློག་གྲངས།

ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་ཐེངས་ཉེར་དགུ་བ་དེ་ཟླ་བཞི་བའི་ཚེས་ལྔ་ཉིན་ནས་ཚེས་བཅུ་བདུན་ཉིན་བར་རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་སུའུ་པུས་ཁི་མཚོ་ཁུགས་སོགས་ས་ཁུལ་ནས་སྤེལ་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་ཉུང་མཐར་ཡང་ཧྥེ་ལེ་པེན་དང་ཨ་མེ་རི་ཁའི་དཔོན་དམག་སྟོང་བརྒྱད་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཞུགས་རྒྱུ་ཡིན་ཟེར།

ཧྥེ་ལེ་པེན་དམག་ཕྱོགས་ཀྱི་མགྲིན་ཚབ་པ་པུའུ་ཨར་ཀི་སི་ཡིས་གསལ་སྒྲོག་སྤེལ་ཏེ། ད་ལོའི་དམག་དོན་སྦྱོང་བརྡར་གྱི་གཙོ་གནད་ནི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་རྒུད་སྐྱོབ་ལ་རམ་འདེགས་བྱེད་རྒྱུ་དེ་ཡིན་ཞིང་། རྒྱུས་ལོན་བྱུང་བ་ལྟར་ན། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གིས་ད་རུང་མེ་མདའ་འཕེན་པ་དང་ཕྱི་རོལ་ཡུལ་གྱི་འཚོ་སྡོད་སོགས་ནང་དོན་གྱི་སྦྱོང་བརྡར་བྱེད་རྒྱུ་ཡིན་ཟེར།

པུའུ་ཨར་ཀི་སི་ཡིས་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་ནང་དོན་གཙོ་བོ་ཞིག་ནི་ཅོག་ངོས་ཀྱི་དཔེ་མཚོན་སྦྱོང་བརྡར་ཡིན་པ་དང་། སྐབས་དེར་ད་རུང་ཧྥེ་ལེ་པེན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་མི་སྣ་མངག་གཏོང་བྱེད་རྒྱུ་རེད། དམག་