ཁྲའོ་ཞན་གྱིས་ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་དམག་འཁྲུག་གི་དུས་རིམ་དུ་སླེབ་ཡོད་ཅེས་བསྒྲགས་པ།
ཁུངས། ཀློག་གྲངས། 60

0d7ba71fbfe7fbbbc351c88864b05f7e.jpg

ཟླ3པའི་ཚེས29ཉིན། ཁྲའོ་ཞན་གྱི་རྒྱལ་ས་ཕེན་རང་གི་ཅིན་རི་ཁྲིན་ཐང་ཆེན་དུ་མི་རྣམས་འདུ་ཚོགས་ལ་ཞུགས་ཡོད་པ།
 

ཁྲའོ་ཞན་སྲིད་གཞུང་གིས་ཚེས་སུམ་ཅུ་ཉིན་བསྒྲགས་རྒྱུར། ཁྲའོ་ཞན་དང་ཧན་གོ་གཉིས་དངོས་སུ་དམག་འཁྲུག་གི་དུས་རིམ་དུ་སླེབ་ཡོད་ཟེར། ཡིན་ནའང་ཧན་གོ་སྲིད་གཞུང་གིས་དེར་ཁ་ཡ་མ་བྱས་པར། དེ་ནི་ཁྲའོ་ཞན་ཕྱོགས་ཀྱིས་རང་འདོད་ལྟར་གཞན་ལ་འཇིགས་སྣང་བསླངས་པ་ཞིག་ཡིན་པ་ལས་དམག་འཁྲུག་རྒྱག་མི་ཕོད་ཟེར།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་སུམ་ཅུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་གྱི་སྲིད་གཞུང་དང་། སྲིད་ཏང་། ཚོགས་པ་བཅས་ཀྱིས་ཉིན་དེར་དམིགས་བསལ་གསལ་བསྒྲགས་སྤེལ་ནས། ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་དུས་དེ་ནས་བཟུང་དམག་འཁྲུག་གི་དུས་རིམ་དུ་སླེབ་པས། ཁྲའོ་ཞན་དང་ཧན་གོའི་བར་གྱི་གནད་དོན་ཚང་མ་དམག་འཁྲུག་གི་དུས་རིམ་ལྟར་དུ་ཐག་གཅོད་རྒྱུ་ཡིན་ཡིན་ལ། ཁྲའོ་ཞན་ཕྱེད་གླིང་གི་དམག་འཁྲག