
ཧན་གོའི་མཚོ་དམག་སྐམ་འཐབ་དམག་དཔུང་གིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོའི་མཚོ་དམག་སྐམ་འཐབ་དམག་དཔུང་དང་ནུབ་བྱང་གླིང་ཕྲན་དུ་སྡོད་པའི་འགོག་སྲུང་སི་ལིན་པུའུ་ཡི་དཔོན་དམག་གིས་ཟླ་བཞི་བར་ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་དམག་དཔུང་དང་མཉམ་འབྲེལ་བྱས་ཏེ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དམག་དཔུང་གི་འཐབ་འཛིང་ནུས་པར་ཤུགས་སྣོན་པ་དང་དཔོན་དམག་གི་བློ་སྤོབས་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།
ཧན་གོའི་མཚོ་དམག་སྐམ་འཐབ་དམག་དཔུང་གི་འབྲེལ་ཡོད་མི་སྣས་བསྟན་དོན། ཉེ་སྔོན་ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་གནས་བབ་ནི་ཁྲའོ་ཞན་གྱི་དཀྲུགས་འཕེན་བྱ་སྤྱོད་ལས་ཡང་བསྐྱར་ཇེ་སྡུག་ཏུ་སོང་བ་དང་། ཟླ་རྗེས་མར་དམག་དོན་འགུལ་སྐྱོད་སྤེལ་ན་ཧན་གོའི་དམག་དཔུང་གིས་འཐབ་འཁྲུག་གྲ་སྒྲིག་རིམ་པ་ཇེ་མཐོར་གཏོང་བ་དང་དཔོན་དམག་གི་སྤོབས་སེམས་ཆེར་བསྐྱེད་བྱེད་པར་ཕན་པ་ཡོད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཧན་གོ་དང་ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་དམག་དཔུང་གིས་ཟླ་བཞི་བའི་ནང་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་ཐེངས་བཞི་སྤེལ་རྒྱུ་ཡིན་པ་དང་། ནང་དོན་ལ་སྐམ་སར་འབུད་པའི་སྦྱོང་བརྡར་དང་། འཐབ་རྩལ་སྦྱོང་བརྡར། འཕྲུལ་ཆས་ཅན་གྱ