
བུའུ་ཁི་ལན་གྱི་གྲོས་ཁང་གིས་ཚེས་བཅོ་བརྒྱད་ཉིན་གྲོས་ཆོད་བཀོད་དེ། ཕྱི་རྒྱལ་གྱི་དམག་དཔུང་ཉིས་སྟོང་བཅུ་གསུམ་ལོར་བུའུ་ཁི་ལན་མངའ་ཁོངས་ནས་སྤེལ་རྒྱུ་ཡིན་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཞུགས་པར་ཆོག་མཆན་བཀོད།
ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། གྲོས་མི་བཞི་བརྒྱ་དང་ལྔ་བཅུ་ཡོད་པའི་བུའུ་ཁི་ལན་གྲོས་ཁང་གིས་ཉིན་དེར་གནད་དོན་དེར་འདེམ་ཤོག་འཕང་སྟེ་བརྡས་ཐག་བཅད། བསྡོམས་པས་གྲོས་མི་སུམ་བརྒྱ་དང་ཞེ་གཉིས་འཐད་པ་བྱུང་བ་དང་། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་གྲོས་མིའི་སྤྱི་གྲངས་ཀྱི་ཕྱེད་ཀ་ལས་བརྒལ་ཡོད།
གྲོས་ཆོད་ལྟར་ན། ཉིས་སྟོང་བཅུ་གསུམ་ལོར་བུའུ་ཁི་ལན་གྱི་མངའ་ཁོངས་སུ་ཕྱི་རྒྱལ་གྱི་དམག་དཔུང་ཞུགས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་ཐེངས་དྲུག་སྤེལ་རྒྱུ་ཡིན་པ་དང་། དེའི་ནང་བུའུ་ཁི་ལན་དང་ཨུ་རུ་སི་དཀར་པོའི་མཉམ་འབྲེལ་མཁའ་སྲུང་སྦྱོང་བརྡར། བུའུ་ཁི་ལན་དང་ཨུ་རུ་སིའི་མཉམ་འབྲེལ་མཁའ་སྲུང་སྦྱོང་བརྡར། བུའུ་ཁི་ལན་དང་བྱང་ཆིངས་རྩ་འཛུགས་ཀྱི་མཚོ་ཁའི་བསིལ་རླུང་ཞེས་པའི་དམག་དོན་སྦྱོང་བརྡར། བུའུ་ཁི་ལན་དང་ཨུ་རུ་སིའི་ཞི་བདེའི་མཚོ་འགྲུལ་ཞེས་པའི་མཚོ་ཐོག་གི་དམག་དོན་སྦྱོང་བརྡར་སོགས་འདུས།