
དབྱི་ལིང་སྐམ་དམག་གི་དམག་སྤྱི་ཕུའུ་ཨར་ཏཱ་སི་ཐན་གྱིས་ཚེས་ལྔ་ཉིན་བཤད་རྒྱུར། གལ་ཏེ་སི་རི་ཡཱ་ཕྱོགས་ཀྱིས་རོགས་རམ་བྱེད་རྒྱུའི་རེ་བ་བཏོན་ན། དབྱི་ལིང་གིས་སི་རི་ཡཱའི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྩིས་ཡོད་ཟེར།
ཕུའུ་ཨར་ཏཱ་སི་ཐན་གྱིས་བཤད་རྒྱུར། དབྱི་སི་ལན་གྱི་རྒྱལ་ཁབ་ཡིན་པའི་ཆ་ནས་ང་ཚོས་སི་རི་ཡཱ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། གལ་ཏེ་དགོས་མཁོ་ཡོད་ན་ང་ཚོས་སི་རི་ཡཱའི་དམག་དཔུང་ལ་གསོ་སྦྱོང་བྱེད་རྩིས་ཡོད་ཀྱང་། ང་ཚོ་སི་རི་ཡཱའི་འགུལ་སྐྱོད་ནང་ཞུགས་མི་སྲིད་ཟེར།
ཕུའུ་ཨར་ཏཱ་སི་ཐན་གྱིས་བཤད་རྒྱུར། སི་རི་ཡཱའི་དམག་དཔུང་གིས་ལོ་མང་བོར་དབྱི་སི་རལ་བར་འཁྲུག་རྩོད་བྱེད་སྐབས་ཉམས་མྱོང་མང་བོ་བསགས་ཡོད་ལ། དེས་རང་ཉིད་ལ་སྲུང་སྐྱོབ་བྱེད་ཐུབ་པས་ཕྱི་རྒྱལ་གྱིས་རོགས་རམ་བྱེད་མི་དགོས་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།