འཇར་པན་གྱིས་རྒྱལ་ནང་གི་གཞི་རྒྱ་ཆེས་ཆེ་བའི་གླིང་ཕྲན་འཕྲོག་རྩོད་ཀྱི་དམག་དོན་སྦྱོང་བརྡར་ཐོག་མ་སྤེལ་བ།
ཁུངས། ཀློག་གྲངས། 4

འཇར་པན་གྱིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་བཟུང་མི་ཁྲི་གསུམ་ལས་བརྒལ་བའི་གཞི་རྒྱ་ཆེ་བའི་རང་སྲུང་དམག་དཔུང་གི་དམག་དོན་སྦྱོང་བརྡར་སྤེལ། ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱེད་ས་ནི་ཁྲུང་ཧྲིན་ཡིན་པ་དང་། དེ་ནི་འཇར་པན་རྒྱལ་ནང་གི་གླིང་ཕྲན་འཕྲོག་རྩོད་བརྗོད་སྙིང་ཡིན་པའི་དངོས་འཐབ་དམག་དོན་སྦྱོང་བརྡར་ཐོག་མ་རེད།

ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་འཇར་པན་རང་སྲུང་རུ་ཁག་གི་སྐམ་མཚོ་མཁའ་གསུམ་གྱི་དམག་དཔུང་མཉམ་ཞུགས་བྱས་ཡོད་པ་དང་། བསྡོམས་པས་མི་ཁྲི་གསུམ་དང་སྟོང་བཞི་དང་། མཚོ་ཐོག་གི་རང་སྲུང་རུ་ཁག་གི་གྲུ་གཟིངས་དྲུག F2རྟགས་ཅན་དང་བཅས་པའི་འཐབ་འཛིང་གནམ་གྲུ་སུམ་བརྒྱ་དང་བརྒྱད་ཅུ་དམག་དོན་སྦྱོང་བརྡར་ལ་ཞུགས།

འཇར་པན་འགོག་སྲུང་སྡེ་ཁག་གིས་ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན་གནས་ཚུལ་དེ་ཁྱབ་སྒྲོག་བྱས་ཏེ། དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་སྐམ་སར་བུད་དེ་འཐབ་འཁྲུག་བྱེད་པ་དང་སྐྱེལ་འདྲེན་ཐད་སྦྱོང་བརྡར་བྱེད་པའི་ཆེད་དུ་ཡིན་པར་བཤད་པ་དང་། འགོག་སྲུང་སྡེ་ཁག་གིས་ད་རུང་ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་རྒྱལ་ཁབ་གང་རུང་ལ་དམིགས་པ་མིན་པ་ཡང་ཡང་ནན་བཤད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་ནང་དོན་གཙོ་བོ་ལ