

ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། ཧྥ་རན་སིའི་ཕཱ་རེ་སི་ནས། ཧྥ་རན་སིའི་ཧྥ་ལན་ཞི་སྐོར་གཡེང་དམག་དཔུང་གི་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་ལོ་རེར་ཐེངས་རེར་སྤེལ་བཞིན་པའི་རྒྱལ་སྟོན་དམག་གཟིགས་མཛད་སྒོར་ཞུགས་པ། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཉིན་དེར་རྒྱལ་ས་ཕཱ་རེ་སི་ནས་སྲོལ་རྒྱུན་གྱི་རྒྱལ་སྟོན་དམག་གཟིགས་མཛད་སྒོ་སྤེལ། ད་ལོའི་དམག་གཟིགས་མཛད་སྒོ་ལས་ཧྥ་རན་སི་ཡིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་མཱ་ལི་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་འབུར་དུ་ཐོན་པར་བྱས་ཡོད། ཙུང་ཐུང་ཨོ་ལིང་ཏི་ཡིས་དམག་གསུམ་གྱི་སྤྱིའི་བཀོད་འདོམ་པའི་ཚུལ་གྱིས་ཞང་ཞེ་ལེ་ཧྲི་སྲང་ལམ་ནས་དམག་དཔུང་ལ་གཟིགས་ཞིབ་བྱས།
