ཨུ་རུ་སིའི་འཐབ་ཇུས་འཕུར་མདའི་དམག་དཔུང་གིས་ཨུ་རུ་སིའི་ལྷོ་ཕྱོགས་ས་ཁུལ་ནས་དམག་དོན་སྦྱོང་བརྡར་སྤེལ་བཞིན་པ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་འཐབ་ཇུས་འཕུར་མདའི་དམག་དཔུང་གིས་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དགུའི་ཉིན་བར་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་ཨི་མུའུ་སི་ཁི་ས་ཁུལ་དང་ཨོ་ལོན་པའོ་ས་ཁུལ་ནས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་རེད།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཨུ་རུ་སིའི་འཐབ་ཇུས་འཕུར་མདའི་དམག་དཔུང་གིས་དགུན་གྱི་དུས་ཚིགས་ཕར་འདས་རྗེས་ཞིབ་བཤེར་བྱེད་པའི་བྱ་བའི་ཁག་ཅིག་ཡིན་པ་དང་། ཧ་ལམ་དཔོན་དམག་ཁྲི་གཅིག་སྦྱོང་བརྡར་བྱ་འགུལ་དེར་ཞུགས་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་བཀོད་འདོམ་མི་སྣ་དང་དམག་མིའི་དངོས་འཐབ་ནུས་པར་དཔྱད་འཇོག་བྱེད་པ་དང་མཚོན་ཆའི་རྗེས་གྲབས་ཀྱི་ཚད་ལ་ཞིབ་བཤེར་བྱེད་པའི་ཆེད་དུ་ཡིན་ཟེར།

ཨུ་རུ་སིའི་ནུབ་ཕྱོགས་དམག་ཁུལ་གྱིས་ཚེས་བཅུ་དགུའི་ཉིན་ནས་བཟུང་ཨུ་རུ་སིའི་ནུབ་བྱང་ས་ཁུལ་ནས་བར་སྣང་གི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་དང་། དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཟླ་གསུམ་པའི་ཟླ་མཇུག་བར་རྒྱུན་བསྲིང་རྒྱུ་རེད། དམག་དོན་སྦྱོང་བརྡར་སྤེལ་ས་ནི་ཨུ་རུ་སིའི་ནུབ་བྱང་ཕྱོགས་ཀྱི་ལེ་ཉིན་ཀི་ལེ་ཀྲིག་དང་། ཐི་ཝེ་ཨར་ཀྲིག དེ་མིན་ཧྥུན་ལན་དང་འདབས་འབྲེལ་དུ་ཡོད་པའི་ཁཱ་ལོས་ལེ་ཨ་སྤྱི་མཐུན་ར