མེ་གླིང་གི་རྒྱལ་ཁབ་མང་བོའི་མཁའ་དམག་གིས་ཕེ་རུ་ནས་མཉམ་འབྲེལ་དམག་དོན་འགུལ་སྐྱོད་སྤེལ་བ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

མེ་གླིང་གི་རྒྱལ་ཁབ་བཅུ་གསུམ་གྱི་མཁའ་དམག་ཞུགས་པའི་ཐེངས་གསུམ་པའི་མཉམ་ལས་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཚེས་ཉེར་གསུམ་ཉིན་ཕེ་རུའི་རྒྱལ་ས་ལཱ་མཱའི་ཉེ་འདབས་ཀྱི་ཁཱ་ཡཱ་ཨུག་མཁའ་དམག་རྟེན་གཞི་ནས་སྤེལ་མགོ་བརྩམས།

ཕེ་རུའི་མཁའ་དམག་གིས་ཁྱབ་སྒྲོག་བྱས་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ཁྲོད་རྒྱལ་ཁབ་མང་བོའི་དམག་དཔུང་གིས་ཁཱ་ཡཱ་ཨུག་དང་ཕིས་སི་ཁི་ས་ཆ་གཉིས་ནས་ས་འགུལ་དང་རྒྱ་མཚོ་འཕྱུར་བ་སོགས་རང་བྱུང་གི་གནོད་འཚེ་ཚབས་ཆེན་གྱི་འཚོལ་ཞིབ་དང་། རྒུད་སྐྱོབ། སྨན་བཅོས་མཁོ་སྒྲུབ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སོགས་རྣམ་གྲངས་ཀྱི་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།

ཨ་ཀིན་ཐེན་དང་པཱ་ཞི། ཁཱ་ནཱ་ཏཱ། ཁོ་ལོམ་པུ་ཡཱ། ཀྲི་ལི། པཱ་ལཱ་ཀུའེ། ཨ་མེ་རི་ཁ། ཝེ་ཏི་མཱ་ལཱ། མའོ་ཞི་ཁོ། པཱ་ནཱ་མཱ། ཕེ་རུ། ཏོ་སྨི་ནི་ཀ་སྤྱི་མཐུན་རྒྱལ་ཁབ། ཝུ་རཱ་ཀུའེ་སོགས་རྒྱལ་ཁབ་ཀྱི་འཕུར་སྐྱོད་པ་དང་བཀོད་འདོམ་པ། ལག་རྩལ་མི་སྣ་བཅས་མི་དྲུག་བརྒྱ་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཞུགས་པ་དང་། བཀོལ་སྤྱོད་བྱེད་པའི་གནམ་གྲུ་དང་གྱེན་འཕུར་གནམ་གྲུ་ལ་དངོས་རྫས་ཏུན་ཉི་ཤུ་སྐྱེལ་འདྲེན་བྱེད་པའི་ནུས་པ་ལྡན་པར་མ་ཟད། དགོས་མཁོ་ལྟར་རྨས་མ་སྐྱེལ་ལེན་བྱེད་པའི་མྱུར་སྐྱ