ཨ་མེ་རི་ཁ་དང་ཧྥེ་ལེ་པེན་གྱི་མཚོ་དམག་སྐམ་འཐབ་རུ་ཁག་གིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

资料图:5月5日,菲律宾与美国“肩并肩2014”联合军演在菲首都马尼拉举行开幕仪式。.jpg

ཟླ་ལྔ་བའི་ཚེས་ལྔ་ཉིན། ཧྥེ་ལེ་པེན་དང་ཨ་མེ་རི་ཁའི་ཉིས་སྟོང་བཅུ་བཞི་ལོའི་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཧྥེ་ལེ་པེན་གྱི་རྒྱལ་ས་མཱ་ནེ་ལཱ་ནས་སྤེལ་མགོ་བརྩམས།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁ་དང་ཧྥེ་ལེ་པེན་གྱི་མཚོ་དམག་སྐམ་འཐབ་རུ་ཁག་གི་དམག་མི་བརྒྱ་ཕྲག་འགའ་ཡིས་ཚེས་བཅོ་ལྔ་ཉིན་ཧྥེ་ལེ་པེན་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ། ཧྥེ་ལེ་པེན་ཕྱོགས་ཀྱིས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཁྱད་པར་བའི་དམིགས་ཡུལ་ཞིག་མེད་ཟེར།

ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་དམག་མི་བརྒྱ་ཙམ་དང་ཧྥེ་ལེ་པེན་གྱི་མཚོ་དམག་སྐམ་འཐབ་རུ་ཁག་གི་དམག་མི་ཉིས་བརྒྱ་ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཞུགས། ཨ་མེ་རི་ཁའི་འཐབ་འཛིང་གནམ་གྲུ་རེ་འགས་མེ་སྒྱོགས་ཀྱི་གཏོང་འཕེན་ཁྲོད་ནས་འགད་རྫས་འཕང་བར་མ་ཟད། མཚོ་དམག་སྐམ་འཐབ་རུ་ཁག་གི་དམག་མི་བར་སྣང་ལས་མཆོ