
བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ཡིས་ཚེས་བཅུ་དྲུག་ཉིན་གསལ་བསྒྲགས་སྤེལ་ཏེ། བྱང་ཆིངས་རྩ་འཛུགས་ཀྱི་མནའ་འབྲེལ་དམག་དཔུང་གིས་ཉིན་དེར་ཨེ་སོ་ནི་ཡཱ་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས་པ་དང་། དབྱིན་ཇི་དང་། ཧྥ་རན་སི། ཨ་མེ་རི་ཁ། པུ་ལི་ཧྲི། ཏེན་མག པའོ་ལོ་ཏི་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་གསུམ་ཏེ་ཨེ་སོ་ནི་ཡཱ་དང་ལཱ་ཐའོ་ཝེ་ཡཱ། ལི་ཐའོ་ཝན་བཅས་དང་། ཕོ་ལན་བཅས་ཀྱི་དམག་མི་སྟོང་དྲུག་དམག་དོན་འགུལ་སྐྱོད་ལ་ཞུགས་ཞེས་བཤད།
གསལ་བསྒྲགས་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་དེ་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། དེའི་སྐབས་མནའ་འབྲེལ་དམག་དཔུང་གིས་དགྲ་བོས་ཨེ་སོ་ནི་ཡཱ་ལ་དཔུང་འཇུག་བྱས་པར་རྒོལ་ལན་སྤྲོད་པར་སྦྱོང་བརྡར་བྱེད་རྒྱུ་རེད། སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་ལ་རྐང་དམག་དང་། མྱུལ་ཞིབ་དམག་དཔུང་། བཟོ་སྐྲུན་མི་སྣ། འཐབ་འཛིང་གནམ་གྲུ། དྲ་རྒྱའི་བདེ་འཇགས་དམག་དཔུང་བཅས་ཡོད།
སྤྱིའི་བཀོད་འདོམ་པའི་འགན་ཁུར་བའི་བྱང་ཆིངས་རྩ་འཛུགས་ཀྱི་པུའུ་ལིན་སི་མུའུ་དམག་སྤྱི་ཁང་གི་དམག་སྤྱི་ཏི་མུའུ་ལོ་དབྱེ་ཡིས་བཤད་རྒྱུར། དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ལས་བྱང་ཆིངས་རྩ་འཛུགས་ཀྱི་པའོ་ལོ་ཏི་རྒྱ་མཚོའི་ས་ཁུལ་ག