དབྱི་སི་རལ་དང་ཨ་མེ་རི་ཁས་མཉམ་འབྲེལ་གྱིས་འཕུར་མདའ་འགོག་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་སི་རལ་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། དབྱི་སི་རལ་དང་ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཉིན་དེར་དབྱི་སི་རལ་ནས་དུག་སྦྲུལ་ཅེས་པའི་མཉམ་འབྲེལ་གྱིས་འཕུར་མདའ་འགོག་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་དབྱི་སི་རལ་དང་ཨ་མེ་རི་ཁས་མཉམ་འབྲེལ་གྱིས་འཕུར་མདའ་འགོག་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་དེའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ལ་འཕུར་མདའི་དཔུང་འཇུག་ཐེབས་སྐབས་ཀྱི་འགོག་སྲུང་ནུས་པར་ཚོད་ལྟ་བྱེད་པ་དང་། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་འཕུར་མདའི་འགོག་སྲུང་མ་ལག་བེད་སྤྱོད་དང་ཚོད་ལྟ་བྱེད་རྒྱུ་ཡིན་ལ། བསྡོམས་པས་ཨ་མེ་རི་ཁའི་དམག་མི་སྟོང་གཅིག་ལྷག་དབྱི་སི་རལ་དུ་ཡོང་ནས་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཞུགས་ཟེར།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཡུག་སི་ཏོན་རྟགས་ཅན་གྱི་འཐབ་འཛིང་མ་ལག་སྒྲིག་སྦྱོར་བྱས་པའི་ཨ་མེ་རི་ཁའི་དམག་གྲུ་གཉིས་ཀྱང་ས་དཀྱིལ་མཚོ་ཁོངས་ནས་ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཞུགས་རྒྱུ་རེད་ཟེར།

དབྱི་སི་རལ་དང་ཨ་མེ་རི་ཁས་ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་ལོ་གཉིས་ཀྱི་ནང་དུག་སྦྲུལ་ཅེས་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་ཐེང