ཧྥུན་ལན་རྒྱལ་སྲུང་དམག་དཔུང་གིས་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཧྥུན་ལན་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉི་ཤུའི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་སྲུང་དམག་དཔུང་གིས་ཉིན་དེ་ནས་བཟུང་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས།

ཧྥུན་ལན་རྒྱལ་སྲུང་དམག་དཔུང་གིས་མཚམས་སྦྱོར་བྱས་པ་ལྟར་ན། བྱང་ཕྱོགས་ཀྱི་ལོ་ཝ་ཡེ་ཨར་ཝེ་ས་ཁུལ་ནས་གཟའ་འཁོར་གཉིས་རིང་གི་དམག་དོན་འགུལ་སྐྱོད་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། ཧྥུན་ལན་གྱི་སྐམ་དམག་དང་མཐའ་སྲུང་དམག་དཔུང་། མཁའ་དམག མཚོ་དམག་བཅས་ཀྱི་དམག་མི་སྟོང་ལྔ་ཙམ་དམག་དོན་འགུལ་སྐྱོད་ལ་ཞུགས་རྒྱུ་ཡིན་པར་མ་ཟད། རྒྱལ་སྲུང་དམག་དཔུང་གིས་ད་རུང་ནུབ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་ལོ་ཧི་ཐཱ་ཡཱ་གྲོང་ཁྱེར་ནས་དུས་ཡུན་ཉིན་བཅུའི་རིང་གི་མཁའ་སྲུང་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་ལ། དཔོན་དམག་སྟོང་གཉིས་ཙམ་བྱ་འགུལ་དེར་ཞུགས་རྒྱུ་ཡིན་ཟེར།

ཧྥུན་ལན་རྒྱལ་སྲུང་དམག་དཔུང་གིས་བྱ་འགུལ་དེ་ནི་རྒྱུན་ལྡན་གྱི་དམག་དོན་སྦྱོང་བརྡར་ཐེངས་ཤིག་ཡིན་པར་བཤད་པ་ལས་འབྲེལ་ཡོད་གནས་ཚུལ་མང་བོ་ཞིབ་ཏུ་མ་བཤད།