
ཅོར་ཏན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁ་དང་ཅོར་ཏན་སོགས་རྒྱལ་ཁབ་ཉེར་གཉིས་ཞུགས་ཤིང་། ཚབ་མིང་ལ“ཁ་སྐོམ་པའི་སེང་གེ”ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཉེ་སྔོན་ཅོར་ཏན་ནས་སྤེལ་མགོ་བརྩམས།
དུས་ཡུན་གཟའ་འཁོར་གཉིས་ཡིན་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་ནས་མགོ་བརྩམས་པ་དང་། ཟླ་དྲུག་པའི་ཚེས་བརྒྱད་ཉིན་མཇུག་སྒྲིལ་རྒྱུ་རེད། དེ་ནི་ཨ་མེ་རི་ཁ་དང་ཅོར་ཏན་གྱིས་སྤེལ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཐེངས་བཞི་བ་ཡིན་པ་དང་། ཁི་ཝེ་ཐི་དང་ཁཱ་ཐར། ཨེ་ཅིབ། ཅོར་ཏན། སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ལེ་པཱ་ནུན། ཕཱ་ཁི་སི་ཐན། ཕོ་ལན། ཨོ་སི་ཁྲུ་ལི་ཡཱ། པུ་ལི་ཧྲི། དབྱི་ཐཱ་ལེ། དབྱིན་ཇི། ཧྥ་རན་སི། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཉེར་གཉིས་ཀྱི་དམག་མི་ཁྲི་གཅིག་དང་སྟོང་གསུམ་མཉམ་འབྲེལ་སྦྱོང་བརྡར་དེར་ཞུགས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་སྦྱོང་བརྡར་ལ་ཞུགས་པའི་རྒྱལ་ཁབ་བར་གྱི་དམག་དོན་མཉམ་ལས་འབྲེལ་བར་ཤུགས་སྣོན་བྱེད་པ་དང་། རྒྱལ་ཁབ་སོ་སོའི་དམག་ཤུགས་ལེགས་སྒྲིག་བྱེད་པ། མཉམ་དུ་འཇིགས་ཉེན་དང་འཇིགས་སྐུལ་རིང་