
བྱང་ཆིངས་རྩ་འཛུགས་ཀྱི་མཁའ་དམག་གི་ལཱ་ཐའོ་ཝེ་ཡཱའི་ལཱ་མུའུ་ཧྲི་ཐེ་ཡུན་དུ་སྡོད་པའི་བཀོད་འདོམ་པུའུ་ཡིས་ཚེས་ཉེར་བདུན་ཉིན་ནས་བཟུང་པའོ་ལོ་ཏི་རྒྱ་མཚོའི་ས་ཁུལ་གྱི་དམག་དོན་སྦྱོང་བརྡར་ཐེངས་བཅོ་བརྒྱད་པ་སྤེལ།
བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་ཡུན་ཚད་ཉིན་གཉིས་ཡིན་པ་དང་། གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་དེ་ལཱ་ཐའོ་ཝེ་ཡཱའི་དྲག་ཆས་དམག་དཔུང་གི་ཨ་ཏཱ་རི་སྦྱོང་བརྡར་ར་བ་ནས་སྤེལ་རྒྱུ་རེད། དེ་ནི་ད་ལྟའི་བར་བྱང་ཆིངས་རྩ་འཛུགས་ཀྱི་མཁའ་དམག་གིས་པའོ་ལོ་ཏི་རྒྱ་མཚོའི་ས་ཁུལ་ནས་སྤེལ་བའི་གཞི་རྒྱ་ཆེས་ཆེ་བའི་དམག་དོན་སྦྱོང་བརྡར་ཞིག་ཡིན་པ་དང་། བསྡོམས་པས་རྒྱལ་ཁབ་དགུ་སྦྱོང་བརྡར་ལ་ཞུགས། དེའི་ནང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བདུན་དང་བྱང་ཆིངས་རྩ་འཛུགས་ཀྱི་ཞི་བདེའི་གྲོགས་པོའི་འབྲེལ་བའི་རྒྱལ་ཁབ་གཉིས་ཡོད། དམག་དོན་སྦྱོང་བརྡར་ལ་རྒྱལ་ཁབ་མང་བོའི་འཐབ་འཛིང་གནམ་གྲུ་དང་། རོགས་སྐྱོར་གནམ་གྲུའི་རོགས་ལས་འཐབ་འཁྲུག་དང་། སྐམ་དམག་དང་མཁའ་དམག་གི་རོགས་ལས་འཐབ་འཁྲུག འཕྲལ་སྒྲུབ་འགུལ་སྐྱོད་སོགས་ནང་དོན་འདུས། དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་བྱང་ཆིངས་རྩ་འཛུགས་ཀྱིས་པའོ་ལོ་ཏི་རྒྱ་མཚོའི་ས་ཁུལ་གྱི་བར་སྣང་སྐོར་གཡ