
ཨ་མེ་རི་ཁ་དང་ཞི་ལཱ། རོ་མཱ་ནི་ཡཱ། པུར་ཀ་རི་ཡཱ་བཅས་རྒྱལ་ཁབ་བཞི་ཡིས་ཉེ་སྔོན་པུར་ཀ་རི་ཡཱའི་ཕུའུ་ལོ་ཧྥུའུ་ཏིས་ཧྥུའུ་ཡི་དབྱི་ཀི་ནཱ་ཏིས་ཡེ་ཧྥུའུ་པའོ་ཅོའུ་མཁའ་དམག་རྟེན་གཞི་ནས་མཉམ་འབྲེལ་གྱི་མཁའ་དམག་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།
ཐེངས་འདིའི་ཉིས་སྟོང་བཅུ་བཞི་ལོའི་སུའེ་ལོས་སི་ཡི་སྐར་མ་ཞེས་པའི་མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་ནས་མགོ་བརྩམས་པ་ཡིན་ལ། འཆར་གཞི་ལྟར་ན་ཉིན་བཅུ་ལ་སྤེལ་རྒྱུ་རེད། བསྡོམས་པས་རྒྱལ་ཁབ་བཞི་ནས་ཡོང་བའི་མཁའ་དམག་བརྒྱད་བརྒྱ་ལྷག་དང་དམག་བཀོལ་གནམ་གྲུ་སུམ་ཅུ་ལྷག་དམག་དོན་སྦྱོང་བརྡར་ལ་ཞུགས།
ཚེས་ཉེར་དགུ་ཉིན་ནི་ཉིས་སྟོང་བཅུ་བཞི་ལོའི་སུའེ་ལོས་སི་ཡི་སྐར་མ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་གྱི་ནང་དོན་གསར་འགྱུར་ལས་རིགས་ལ་ཁྱབ་སྒྲོག་བྱེད་པའི་ཉིན་མོ་ཡིན་པ་དང་། F16རྟགས་ཅན་དང་། མུས་ཀི-29རྟགས་ཅན། མུས་ཀི-21རྟགས་ཅན། སུའུ-25རྟགས་ཅན་སོགས་རིགས་སྣ་མི་འདྲ་བའི་འཐབ་འཛིང་གནམ་གྲུ་སྦྱོང་བརྡར་ལ་ཞུགས་ཡོད།
ཡོ་རོབ་གླིང་དུ་སྡོད་པའི་ཨ་མེ་རི་ཁའི་མཁའ་དམག་གི་དམག་སྤྱི་ཀི་ལོན་ཚི་ཡིས་བསྟན་དོན། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་