

ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། ཐུར་ཁེའི་ས་དཀྱིལ་མཚོ་ཁོངས་ནས་གྱེན་འཕུར་གནམ་གྲུ་གསུམ་དམག་དོན་འགུལ་སྐྱོད་སྤེལ་སྐབས་འཕུར་སྐྱོད་བྱེད་བཞིན་པ། ཐུར་ཁེའི་མཚོ་དམག་གིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ས་དཀྱིལ་མཚོ་ཁོངས་ནས་ཚབ་མིང་ལ་དྲག་རླུང་དཀར་པོ་ཞེས་པའི་མཚོ་ཐོག་གི་དམག་དོན་འགུལ་སྐྱོད་བྱ་འགུལ་སྤེལ་བ་དང་། བསྡོམས་པས་དམག་གྲུ་དང་ཆུ་འཛུལ་གྲུ་གཟིངས་ང་གསུམ་དང་། སྐོར་གཡེང་གནམ་གྲུ་བཞི། གྱེན་འཕུར་གནམ་གྲུ་བཅུ་གསུམ། མཚོ་འགྲམ་ཉེན་རྟོག་རུ་ཁག་གི་འཕྲུལ་རྟའི་གྲུ་གཟིངས་བཅུ་བདུན་དམག་དོན་བྱ་འགུལ་ལ་ཞུགས། ཐེངས་འདིའི་དམག་དོན་འགུལ་སྐྱོད་ཀྱི་དམིགས་ཡུལ་ནི་དམག་དཔུང་གི་འཐབ་འཛིང་ནུས་པ་དང་ཕྱོགས་བསྡུས་སྦྱོང་བརྡར་ཆུ་ཚད་ཇེ་མཐོར་གཏོང་བའི་ཆེད་དུ་རེད། རྒྱུས་ལོན་བྱུང་བ་ལྟར་ན། དམག་དོན་འགུལ་སྐྱོད་དེ་ཟླ་དྲུག་པའི་ཚེས་གཅིག་ཉིན་མུ་མཐུད་དུ་སྤེལ་རྒྱུ་རེད།