
ཚེས་ཉེར་གཉིས་ཉིན་ནི་ཨུ་རུ་སིའི་རྒྱལ་སྲུང་འཐབ་འཁྲུག་བྱུང་ནས་ལོ་ངོ་དོན་གསུམ་འགོར་བར་རྗེས་དྲན་དང་མྱ་ངན་བྱེད་པའི་ཉིན་མོ་ཡིན་པ་དང་། ཉིན་དེར་ཨུ་རུ་སིའི་ས་ཆ་སོ་སོ་ནས་རྗེས་དྲན་བྱ་འགུལ་རབ་དང་རིམ་པ་སྤེལ།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཁི་ལི་མུའུ་ལིན་ཕོ་བྲང་གམ་གྱི་ཡཱ་ལི་ཧྲན་ཏཱའི་མེ་ཏོག་ལྡུམ་རའི་ནང་གི་མིང་མེད་པའི་སྔོན་གཤེགས་དཔའ་བོའི་བང་སོར་མེ་ཏོག་གི་ཕྲེང་བ་ཕུལ། ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་དང་ཙུང་ཐུང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་དབྱེ་ཝན་ནོའུ་ཧྥུའུ། དེ་མིན་གྲོས་ཁང་གོང་ཞོལ་གཉིས་ཀྱི་མགོ་ཁྲིད་པ་དང་མཱ་ཐི་ཝེ་ཡན་ཁི་དང་ནཱ་ལོས་ཧྲི་ཅིན་སོགས་བྱ་འགུལ་ལ་ཞུགས།
ཨུ་རུ་སིའི་རྒྱལ་ས་མའོ་སི་ཁི་ནས་ཚེས་ཉེར་གཉིས་ཉིན་རྗེས་དྲན་བྱ་འགུལ་སྟོང་གཅིག་ལྷག་སྤེལ། ཧྲིན་ཀྲང་སོ་པུས་ཡཱ་ཉིན་གྱིས་བཤད་རྒྱུར། མའོ་སི་ཁི་གྲོང་ཁྱེར་གྱིས་རྒྱལ་སྲུང་འཐབ་འཁྲུག་གི་རླབས་ཆེན་རྒྱལ་ཁ་གསར་གཏོད་མཁན་གྱི་དྲན་འཛིན་ཉར་འཇོག་བྱས་ཡོད་པ་དང་། གཡུལ་སའི་དམག་མི་དང་ངལ་རྩོལ་མཁན་གྱིས་བཞག་པའི་བྱས་རྗེས་ང་རྒྱལ་དུ་རློམ་ཡོད། གྲོང་ཁྱེར་སྲིད་གཞུང་གིས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་འཐབ་མོ་བ་རྒན་པ་འབུམ་གཅིག་དང་ཁྲི་ལྔ་ཡིས་བདེ་སྐྱིད་ཀྱི་འཚོ་བར་