
ཨུ་རུ་སིས་ཚེས་གསུམ་ཉིན་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་བརྟན་འཇགས་ཐད་ཀྱི་ཞི་བདེ་འཆར་གཞི་བཏོན། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་སཱ་ཅི་ཡིས་ཉིན་དེར་བཤད་རྒྱུར། འཆར་གཞི་དེ་ལས་ཨུ་རུ་སི་ཡིས་འགན་འཁྲི་གང་དག་འཁུར་དགོས་པ་གསལ་བོར་བསྟན་མེད་ཟེར། མོས་བཤད་རྒྱུར། ཙུང་ཐུང་ཕུའུ་ཅིན་གྱིས་གནད་དོན་མང་བོ་གླེང་ཡང་། ལག་བསྟར་གཏན་ནས་བྱེད་མི་སྲིད་ཟེར།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་གསུམ་ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས། བསྒྲགས་པའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཞི་བདེའི་འཆར་གཞི་ཞིག་བཏོན་པ་དང་། དེར་ཝུའུ་ཁི་ལན་སྲིད་གཞུང་དམག་དཔུང་ཕྱིར་འཐེན་བྱེད་པ་དང་། མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་འཛུགས་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཁྲུག་རྩོད་ལ་ལྟ་རྟོག་བྱེད་དགོས་པ་སོགས་ནང་དོན་བདུན་འདུས་ཟེར།
ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སི་ཡིས་ཉེ་ལམ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་སྤེལ་བའི་བྱ་སྤྱོད་ལ་དམིགས་ཏེ། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཨུ་རུ་སི་ལ་གནས་སྐབས་སུ་ནུབ་བྱང་གི་རླུང་ཞེས་པའི་སྐམ་མཚོ་གཉིས