
ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡིས་ཚེས་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། ཚབ་མིང་ལ་ཉིས་སྟོང་བཅུ་བཞི་ལོའི་མཚོ་ཐོག་གི་བསིལ་རླུང་ཞེས་པའི་ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཚེས་བརྒྱད་ཉིན་ནས་ཚེས་བཅུའི་ཉིན་བར་མཚོ་ནག་གི་ནུབ་བྱང་ས་ཁུལ་ནས་སྤེལ་རྒྱུ་ཡིན་ཟེར།
ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། སྦྱོང་བརྡར་གྱི་ནང་དོན་ནི་ཉམས་ཉེན་ས་ཁུལ་དུ་རྒྱལ་སྤྱིའི་འགུལ་སྐྱོད་སྤེལ་ཏེ་མཚོ་ཐོག་འགྲུལ་བཞུད་ལ་འགན་སྲུང་བྱེད་པའི་བདེ་འཇགས་ས་ཁུལ་འཛུགས་རྒྱུ་དེ་ཡིན་ཞིང་། བྱེ་བྲག་གི་ལས་འགན་ནི་དམིགས་བསལ་གྱི་ས་ཁོངས་སུ་དམངས་བཀོལ་གྲུ་གཟིངས་ཀྱི་འགྲུལ་བཞུད་ལ་ལྟ་རྟོག་དང་། ཁྲིམས་འགལ་གྱི་གྲུ་གཟིངས་སྔོག་བཤེར། གྲུ་སྟེང་དུ་བུད་ནས་ཞིབ་བཤེར་བྱེད་པ། དཀའ་ཁག་ལ་འཕྲད་པའི་གྲུ་གཟིངས་ལ་རོགས་སྐྱོར་བྱེད་པ་སོགས་ཡིན། སི་ཕན་དང་ཁཱ་ནཱ་ཏཱ། རོ་མཱ་ནི་ཡཱ། ཐུར་ཁེ་བཅས་རྒྱལ་ཁབ་བཞིའི་མཚོ་དམག་ཀྱང་ཝུའུ་ཁི་ལན་དང་ཨ་མེ་རི་ཁས་སྤེལ་བའི་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་རེད། ཧྥ་རན་སི་དང་སུའེ་ཏེན། ནོར་ཝེ། ཀི་ལུའུ་ཅི་ཡཱ་སོགས་རྒྱལ་ཁབ་ཀྱིས་དམག་དོན་ལྟ་ཞིབ་པ་མངག་གཏོང་བྱས་ཏེ་དམག་དོན་སྦྱོང་བརྡར་ལ་ལྟ་སྦྱོང་བྱེད་རྒྱུ་རེད