
ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཚབ་མིང་ལ་ཉིས་སྟོང་བཅུ་བཞི་ལོའི་མཚོ་ཐོག་གི་བསིལ་རླུང་ཞེས་པའི་ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་མཚོ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱིས་སྔོན་ནས་གཏན་འཁེལ་བྱས་པའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ་མཚོ་ནག་ནུབ་བྱང་ས་ཁུལ་ནས་མཇུག་སྒྲིལ།
ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་གྲུ་གཟིངས་ཀྱིས་སྤྱི་བའི་མཚོ་ཁོངས་ནས་ནང་དོན་མང་བོར་དམག་དོན་སྦྱོང་བརྡར་བྱས། དེའི་ནང་མཚོ་དམག་མཁའ་འགྲུལ་གྱི་གཞོགས་འདེགས་འོག་གི་མཁའ་སྲུང་དང་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་སྦྱོང་བརྡར་སོགས་འདུ།
རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གིས་དམིགས་བསལ་ས་ཁོངས་ནས་དམངས་སྤྱོད་གྲུ་གཟིངས་ལ་ལྟ་རྟོག་བྱེད་པ་དང་། ཁྲིམས་འགལ་གྲུ་གཟིངས་སྔོག་བཤེར་བྱེད་པ། འཚོལ་ཞིབ་དང་རྒུད་སྐྱོབ་བྱ་བ་སྤེལ་བ། ལམ་དུ་བགྲོད་པའི་སྐབས་སུ་དངོས་ཟོང་གཞན་ལ་བརྒྱུད་སྤྲོད་བྱེད་པ། འཐབ་རྩལ་དམིགས་ཡུལ་སོགས་སྦྱོང་བརྡར་བྱ་འགུལ་སྤེལ།
ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡིས་ནན་གྱིས་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཝུའུ་ཁི་ལན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་པུའུ་ཡི་ཞི་བའི་གྲོགས་པོའི་འབ