ཧྥེ་ལེ་པེན་དང་ཨ་མེ་རི་ཁས་དུས་ཡུན་ཉིན་བཅུ་གཉིས་ཡིན་པའི་མཚོ་དང་སྐམ་སའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཧྥེ་ལེ་པེན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་ཚེས་ཉེར་དགུའི་ཉིན་ནས་བཟུང་ཧྥེ་ལེ་པེན་ནས་དུས་ཡུན་ཉིན་བཅུ་གཉིས་ཡིན་པའི་མཚོ་དང་སྐམ་སའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་རེད་ཟེར།

ཧྥེ་ལེ་པེན་དམག་ཕྱོགས་ཀྱི་མཚོ་དམག་སྐམ་འཐབ་རུ་ཁག་གི་མགྲིན་ཚབ་པ་པེ་ལུང་ནེ་ཨོ་ཡིས་བཤད་རྒྱུར། དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོ་དེ་ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་ཧྥེ་ལེ་པེན་ལྷོ་ཕྱོགས་ཀྱི་པཱ་ལཱ་ཝང་ཞིང་ཆེན་གྱི་ཕུའུ་ལིན་སེ་སཱ་གྲུ་ཁའི་གྲོང་ཁྱེར་དུ་ཡོད་པའི་ཧྥེ་ལེ་པེན་མཚོ་དམག་གི་ནུབ་ཕྱོགས་ས་ཁུལ་གྱི་སྤྱི་ཁྱབ་པུའུ་ནས་སྤེལ་རྒྱུ་ཡིན་པ་དང་། མཇུག་སྒྲིལ་བའི་མཛད་སྒོ་དེ་ཟླ་བཅུ་བའི་ཚེས་བཅུ་ཉིན་ནས་ཧྥེ་ལེ་པེན་གྱི་རྒྱལ་ས་ཏཱ་མཱ་ནེ་ལཱ་ས་ཁུལ་གྱི་ཐཱ་དབྱེ་ཀི་གྲོང་ཁྱེར་གྱི་ཧྥེ་ལེ་པེན་མཚོ་དམག་སྐམ་འཐབ་རུ་ཁག་གི་སྤྱི་ཁྱབ་པུའུ་ནས་སྤེལ་རྒྱུའི་འཆར་གཞི་ཡོད། དེའི་སྐབས་སུ་ཨ་མེ་རི་ཁའི་མཚོ་དམག་གི་དཔོན་དམག་སྟོང་གསུམ་དང་ཧྥེ་ལེ་པེན་གྱི་མཚོ་དམག་དང་མཚོ་དམག་སྐམ་འཐབ་རུ་ཁག་གི་དཔོན་དམག་སྟོང་གཅིག་སྦྱོང་བརྡར་བྱ་འགུལ་ལ་ཞུགས་རྒྱུ་རེད།

པེ་ལུང་ནེ་ཨོ་ཡིས