ཨུ་རུ་སི་ཡིས་གཞི་རྒྱ་ཆེ་བའི་མི་དམངས་མཁའ་སྲུང་སྦྱོང་བརྡར་བྱ་འགུལ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡི་པུའུ་ཀྲང་ཕུའུ་ཆི་ཁི་ཧྥུའུ་ཡིས་ཚེས་བཞིའི་ཉིན་ཨུ་རུ་སིའི་མངའ་ཁོངས་ཡོངས་སུ་དུས་ཡུན་ཉིན་ལྔའི་མི་དམངས་མཁའ་སྲུང་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས།

ཟླ་བཅུ་བཞི་ཚེས་བཞི་ཉིན་ནི་ཨུ་རུ་སིའི་མི་དམངས་མཁའ་སྲུང་ཉིན་མོ་ཡིན་པ་དང་། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་མི་དམངས་མཁའ་སྲུང་སྦྱོང་བརྡར་བྱ་འགུལ་ཁྲོད། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡི་ཁོངས་སུ་གཏོགས་པའི་མི་དམངས་མཁའ་སྲུང་དམག་དཔུང་གིས་གཞི་རྒྱ་ཆེ་བའི་ཐོལ་བྱུང་དོན་རྐྱེན་དང་གནོད་འཚེ་སྔོན་འགོག་དང་ཐག་གཅོད་བྱེད་པའི་སྦྱོང་བརྡར་བྱས། དེའི་ཁྲོད་ས་འགུལ་དང་། ཆུ་ལོག རྡོ་སྣུམ་ཕྱིར་བཞུར་བ། འགྲིམ་འགྲུལ་དོན་རྐྱེན། འཇིགས་སྐུལ་འཇབ་རྒོལ་སོགས་གནོད་འཚེ་འདུས་ཡོད། དེ་ལས་གཞན་སྦྱོང་བརྡར་ལ་ཞུགས་པའི་རྒུད་སྐྱོབ་མི་སྣས་ད་རུང་སྤྱི་དམངས་ལ་གནོད་འཚེ་བྱུང་སྐབས་་ཇི་ལྟར་གཞོལ་ཐབས་བྱེད་པའི་བྱེད་ཐབས་སློབ་ཁྲིད་བྱས།

ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡི་པུའུ་ཀྲང་གཞོན་པ་སི་ཅེ་ཕན་ནོའུ་ཧྥུའུ་ཡིས་བཤད་རྒྱུར། ཐེངས་འདིའི་མི་དམངས་མཁའ་སྲུང་སྦྱོང་བརྡར་ཁྲོད་བསྡོམས་པས་རྒུད་སྐྱོབ་མི་སྣ་འབུམ་གསུམ་ལྷག་