


ཚེས་ཉེར་དྲུག་ཉིན། སི་ཕན་གྱི་ལོ་སི་ཡཱ་ནོའུ་སི་མཁའ་དམག་རྟེན་གཞི་ནས། ཞི་ལཱ་ཡིF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་ནམ་མཁར་འཕུར་རྗེས་གནམ་གྲུ་འཇོག་སར་ལྷུང་སྟེ། འཐབ་འཛིང་གནམ་གྲུ་འགར་འགས་གཏོར་བྱུང་།
ཚེས་ཉེར་དྲུག་ཉིན། ཞི་ལཱ་ཡིF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་སི་ཕན་ཤར་ལྷོའི་ཕྱོགས་ཀྱི་ཨར་ཝ་སེ་ཐི་གྲོང་ཁྱེར་གྱི་བྱང་ཆིངས་རྩ་འཛུགས་ཀྱི་མཁའ་དམག་སྦྱོང་བརྡར་ལྟེ་གནས་ལོ་སི་ཡཱ་ནོའུ་སི་མཁའ་དམག་རྟེན་གཞི་ནས་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་སྦྱོང་བརྡར་ལ་ཞུགས་སྐབས་སར་ལྷུང་ནས་འགས་གཏོར་བྱུང་སྟེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལ་རྨས་ཕོག དེའི་ནང་མི་དྲུག་གི་རྨས་སྐྱོན་ཚབས་ཆེན