
ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཧཱ་ཝ་ནཱ་ནས་ཁུ་པཱའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཞོར་དུ་པུའུ་ཀྲང་གི་འགན་ཁུར་མཁན། གྲོས་ཁང་གི་ཀྲུའུ་ཞི་ལའོ་ཨར་ཁཱ་སི་ཐི་ལོ་དང་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་དང་ཁུ་པཱའི་དམག་དོན་དང་དམག་དོན་ལག་རྩལ་འབྲེལ་བ་དེ་འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཟེར།
ཧྲའོ་དབྱེ་ཀུའུ་ཡིས་བཤད་རྒྱུར། ང་ཚོའི་དམག་དོན་འབྲེལ་བ་དེ་འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ང་ཚོས་ཁུ་པཱ་ཕྱོགས་ཀྱིས་ཨུ་རུ་སིའི་གྲུ་གཟིངས་ཧཱ་ཝ་ནཱ་རུ་ཡོང་དུ་བཅུག་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། ང་ཚོ་མཚོ་དམག་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་སྤྲོ་བ་ཆེན་པོ་ཡོད་ཟེར།
ཁོས་མཚམས་སྦྱོར་བྱས་པ་ལྟར་ན། ཁུ་པཱའི་དམག་མིར་ཨུ་རུ་སིའི་དམག་དོན་སློབ་གླིང་ནས་སྦྱོང་བརྡར་བྱེད་པར་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་ཟེར། ཧྲའོ་དབྱེ་ཀུའུ་ཡིས་བསྟན་དོན། གནད་དོན་དེའི་ཐད་མཉམ་ལས་ཀྱི་མདུན་ལྗོངས་བཟང་བོ་ཡོད་པ་ང་ཚོས་མཐོང་ཐུབ་ལ། ང་ཚོས་གོ་རིམ་ལྡན་པའི་སྒོ་ནས་དམག་དོན་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་བཞིན་ཡོད་ཟེར།
ཧྲའོ་དབྱེ་ཀུའུ་ཡིས་ཁུ་པཱའི