ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གི་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་མཁའ་འགྲུལ་དམག་གིས་སྦྱོང་བརྡར་བྱ་འགུལ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གི་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་མཁའ་འགྲུལ་དམག་གིས་ཚེས་ཉེར་དྲུག་ཉིན་པཱ་ལོན་ཡན་ལག་མཚོ་ཁོངས་དང་མཚོ་དཀར་མཚོ་ཁོངས་ནས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

བསྒྲགས་པའི་གནས་ཚུལ་ལྟར་ན། དམག་དོན་སྦྱོང་བརྡར་དེར་བསྡོམས་པས་དཔོན་དམག་བརྒྱད་བརྒྱ་ལྷག་ཞུགས་པ་དང་། སྦྱོང་བརྡར་གྱི་ནང་དོན་ལ་ཁཱ-27རྟགས་ཅན་གྱི་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་གྱེན་འཕུར་གནམ་གྲུས་པཱ་ལོན་ཡན་ལག་མཚོ་ཁོངས་དང་མཚོ་དཀར་མཚོ་ཁོངས་ནས་རྒྱ་མཚོའི་གཏིང་རིམ་གྱི་ཆུ་འཛུལ་གྲུ་གཟིངས་ཀྱི་དམིགས་འབེན་ལ་སྔོག་བཤེར་དང་རྗེས་འདེད་བྱེད་པ་དང་། དབྱེ་ཨར-38རྟགས་ཅན་གྱི་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་གནམ་གྲུས་རྒྱ་མཚོའི་གཏིང་རིམ་གྱི་དམིགས་འབེན་ལ་ཆམ་ཕབ་གཏོང་བ་སོགས་འདུས། དམག་དོན་སྦྱོང་བརྡར་སྐབས་སུ་འབར་མདེལ་ཆུ་འོག་འགད་རྫས་སོགས་མཚོན་ཆ་བཀོལ་བ་རེད།

ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གི་འགན་ཁུར་བས་བཤད་རྒྱུར། ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་མཁའ་འགྲུལ་དམག་གིས་བདེ་བླག་ངང་ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་ཡོངས་འགྲུབ་བྱས་ཏེ། རྒྱ་མཚོའི་གཏིང་རིམ་གྱི་དམིགས་འབེན་ཚང་མར་ནོར་འཆུག་དང་ཡོ་གཟུར་མེད་པར་ཆམ་ཕབ་བཏང་བ་རེད་ཟེར།