
དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཟླ་གསུམ་པའི་ཚེས་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་སྲུང་དམག་དཔུང་གི་སྤྱིའི་ཇུས་འདོན་པ་གསར་བ་ཨེ་སུན་ཁི་ཐི་ཡི་བཀའ་ལྟར་དུ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེ་ནས་བཟུང་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་ནས་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་མགོ་བརྩམས་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་ནང་བཤད་རྒྱུར། བསྡོམས་པས་རྗེས་གྲབས་དམག་མི་ཁྲི་གཅིག་དང་སྟོང་གསུམ་ཐེངས་འདིའི་གནས་སྐབས་རྩ་འཛུགས་བྱས་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཞུགས་རྒྱུ་ཡིན་པ་དང་། དེའི་ནང་རྗེས་གྲབས་དམག་མི་སྟོང་གསུམ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལས་གནས་སུ་མིང་ཐོ་འགོད་དགོས་པའི་རེ་བ་བཏོན་ཡོད་ལ། རྗེས་གྲབས་དམག་མི་ཁྲི་གཅིག་གིས་བྲེལ་མྱུར་བཀའ་བརྡ་ལ་སྒུག་དགོས་པའི་རེ་བ་བཏོན་ཡོད་ཟེར།
རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཞིག་གིས་ཟླ་གསུམ་པའི་ཚེས་གཅིག་ཉིན་གསར་འགོད་པར་བདེན་དཔང་བྱས་དོན། དམག་དོན་སྦྱོང་བརྡར་ལ་ཞུགས་མཁན་ལ་ད་རུང་དབྱི་སི་རལ་གྱི་མཁའ་དམག་དང་གསང་འཕྲིན་སྡེ་ཁག གཡུལ་འཐབ་དམག་དཔུང་བཅས་ཡོད་པ་དང་། དུས་ཡུན་ཉིན་གཉིས་ཀྱི་དམག་དོན་སྦྱོང་བརྡར་ནས་དབྱི་སི་རལ་གྱི་སྤྱི་དམངས་བཙན་ཁྲིད་བྱས་པ་དང་