དབྱི་རག་གི་ཙུང་ལི་ཡིས་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཁྱབ་སྒྲོག་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་རག་གི་མཐོ་རིམ་དམག་དཔོན་ཞིག་གིས་ཟླ་གསུམ་པའི་ཚེས་གཅིག་ཉིན་གསར་འགོད་པར་བཤད་རྒྱུར། དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཉིན་དེའི་དགོང་མོར་དབྱི་རག་བྱང་ཕྱོགས་ས་ཁུལ་གྱི་སཱ་མེད་ལཱ་གྲོང་ཁྱེར་ནས་ཁྱབ་སྒྲོག་བྱས་དོན། དབྱི་རག་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་དུ་སྦས་སྐོང་བྱས་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གཙང་ཕྱགས་བྱེད་པའི་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་དངོས་སུ་མགོ་བརྩམས་ཡོད་ཟེར།

སཱ་ལཱ་ཧི་ཏེན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅཱ་པཱ་ལཱ་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། ཨ་པཱ་ཏིས་ཀྱིས་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱའི་བྱང་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་ཉི་ཤུའི་མཚམས་སུ་ཡོད་པའི་སཱ་མེད་ལཱ་གྲོང་ཁྱེར་དང་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ཧྲིན་ཀྲང་ཀྲུའུ་པུའུ་ལི། དེ་མིན་དབྱི་རག་གི་མཐོ་རིམ་དཔོན་པོ་གཞན་པ་དང་དབྱི་རག་དམག་དཔུང་གི་མགོ་ཁྲིད་པ་སོགས་དང་མཉམ་དུ་སྤེལ་བའི་གྲོས་ཚོགས་སྟེང་གནས་ཚུལ་དེ་ཁྱབ་སྒྲོག་བྱས་པ་རེད། ཨ་པཱ་ཏིས་ཀྱིས་ད་རུང་གྲོས་ཚོགས་ལ་ཞུགས་པའི་དཔོན་རིགས་དང་མཉམ་དུ་དབྱི་རག་དམག་དཔུང་གི་དམག་དོན་འགུལ་སྐྱོད་དེའི་གྲ་སྒྲིག་གནས་ཚུལ་ལ་གྲོས་བསྡུར་བྱས་པ་དང་། གང་ནུས་ཀྱིས་ས་དེའ