དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དང་ཉེ་བའི་མཐའ་མཚམས་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་དབྱི་སི་རལ་ལྷོ་ཕྱོགས་ཀྱི་ཅཱ་ཧྲ་ས་ཁུལ་དང་ཉེ་བའི་མཐའ་མཚམས་ས་ཁུལ་ནས་དུས་ཡུན་ཉིན་གཅིག་གི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ཟེར།

དེ་ནི་ཉིས་སྟོང་བཅུ་བཞི་ལོའི་ཟླ་བརྒྱད་པར་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་ནས་རྣོ་དབུལ་སྲུང་བའི་འགུལ་སྐྱོད་ཅེས་པའི་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་མཇུག་སྒྲིལ་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཐོག་དང་པོར་ཅཱ་ཧྲ་དང་ཉེ་བའི་མཐའ་མཚམས་ས་ཁུལ་ནས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་རེད།

དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པས་སྦྱོང་བརྡར་ལ་ཞུགས་པའི་མི་གྲངས་གསལ་བོར་མ་བཤད་པ་དང་། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ས་ངོས་དམག་དཔུང་དང་མཁའ་དམག་མཉམ་དུ་ཞུགས་ཡོད་ཅིང་། ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་དབྱི་སི་རལ་གྱི་མངའ་ཁོངས་སུ་ཡོང་བ་དང་། དབྱི་སི་རལ་གྱི་དམག་མི་བཙན་ཁྲིད་བྱེད་པ། དབྱི་སི་རལ་ལ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱེད་པ་སོགས་མཐའ་མཚམས་ས་ཁུལ་ནས་འབྱུང་སྲིད་པའི་གནས་ཚུལ་སྣ་ཚོགས་ལ་དམིགས་ཏེ་ལད་མོའི་སྦྱོང་བརྡར་བྱས་པ་དང་། དེའི་དམིགས་ཡུལ་ནི་དབྱི་སི་རལ་གྱི་དམག་དཔུང་ག