
བྷང་ག་ལཱ་རྒྱལ་ཁབ་ཀྱི་རང་བཙན་ཉིན་མོ་དང་རྒྱལ་སྟོན་ལ་རྗེས་དྲན་བྱེད་ཆེད། བྷང་ག་ལཱ་རྒྱལ་ཁབ་ཀྱི་སྐམ་མཚོ་མཁའ་གསུམ་དམག་དཔུང་གི་དམག་དོན་འགྲེམ་སྟོན་དེ་ཚེས་ཉེར་གཉིས་ཉིན་བྷང་ག་ལཱའི་རྒྱལ་ས་ཏཱ་ཁཱ་ནས་སྤེལ་མགོ་བརྩམས་པ་དང་། བྷང་ག་ལཱའི་ཙུང་ལི་ཧཱ་ཞི་ནཱ་བྱ་འགུལ་ལ་ཞུགས་པར་མ་ཟད་འགྲེམ་སྟོན་གྱི་ཡོལ་རས་ཕྱེས་པ་རེད།
ཐེངས་འདིའི་དམག་དོན་འགྲེམ་སྟོན་ནི་རྒྱལ་ཁབ་དམག་གཟིགས་ཐང་ཆེན་ནས་སྤེལ་བ་དང་ཡུན་ཚད་ཉིན་དགུ་རེད། མགོ་རྩོམ་པའི་མཛད་སྒོ་མཇུག་སྒྲིལ་རྗེས། བྷང་ག་ལཱ་རྒྱལ་ཁབ་ཀྱི་མཁའ་དམག་གི་འཐབ་འཛིང་གནམ་གྲུས་རུ་དཔུང་བསྒྲིགས་ཏེ་ཐང་ཆེན་གྱི་བར་སྣང་ནས་འཕུར་བ་དང་། མཁའ་དམག་གིས་འཕུར་རྩལ་འཁྲབ་སྟོན་བྱས་པར་མ་ཟད། གདུགས་མཆོངས་དམག་དཔུང་གིས་མཁའ་ལས་འབབ་པའི་འཁྲབ་སྟོན་བྱས། སྐམ་དམག་གིས་ཁུ་ཚུར་གྱིས་གྱོ་མོ་གཅོག་པ་དང་རྐང་བས་ཤིང་ལེབ་གཅོག་པ། མེ་ཀོར་དུ་མཆོངས་པ་སོགས་ཀྱི་འཁྲབ་སྟོན་བྱས།
ཐེངས་འདིའི་དམག་དོན་འགྲེམ་སྟོན་ལས་བྷང་ག་ལཱ་རྒྱལ་ཁབ་ཀྱི་སྐམ་མཚོ་མཁའ་གསུམ་དམག་དཔུང་གི་འཕེལ་རྒྱས་ལོ་རྒྱུས་དང་། དམག་དཔུང་གིས་བེད་སྤྱོད་བྱས་མྱོང་བའི་མཚོན་ཆ་ཆེ་གྲས་སོགས་འགྲེམ་སྟོན་བྱས་པར་མ་ཟད། བྷང་ག་ལཱའི་དམག་དཔུང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒུད་སྐྱོབ་དང་རྒྱལ་ནང