

ཨུ་རུ་སིའི་༼ལྟ་ཚུལ་ཚགས་པར༽གྱི་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་གྱི་རྩོམ་ཡིག་ཏུ། འཛམ་གླིང་དམག་ཤུགས་ཨང་རིམ་དྲ་བ་སྟེ་༼འཛམ་གླིང་ཡོངས་ཀྱི་དམག་ཤུགས་༽(Global Firepower)ཀྱིས་ཁྱབ་བསྒྲགས་བྱས་པའི་འཛམ་གླིང་གི་ཆེས་གསར་བའི་དམག་དོན་སྟོབས་ཤུགས་ཀྱི་ཨང་རིམ་བསྒྲིགས་པ་ལྟར་ན། ཨུ་རུ་སིའི་དམག་དཔུང་ནི་འཛམ་གླིང་གི་ཆེས་སྟོབས་ཅན་དམག་དཔུང་ཨང་རིམ་སྟེང་ཨ་རི་ལས་འོག་མ་སྟེ། ཨང་གཉིས་པ་རེད། ཨ་རིའི་དམག་དཔུང་ནི་སྔར་བཞིན་འཛམ་གླིང་སྟེང་གི་ཆེས་སྟོབས་ཆེན་དམག་དཔུང་གི་ཨང་དང་པོར་གནས་འདུག་ལ། ཀྲུང་གོ་ནི་ཨང་གསུམ་པ་དང་། རྒྱ་གར་ནི་ཨང་བཞི་བ། འཇར་པན་ཨང་བཅུ་བ་རེད། ཨང་རིམ་འདི་བསྒྲིག་པར་ཆ་རྐྱེན་ལྔ་བཅུ་ལྷག་ལ་བལྟས་ཡོད་མོད། འོན་ཀྱང་ཉིང་རྡུལ་གྱི་སྟོབས་ཤུགས་ལ་ཁ་ཡ་བྱས་མི་འདུག དམག་དོན་ཆེད་མཁས་པ་སུང་ཞའོ་ཅོན་གྱིས་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་གོའི་དམག་དོན་འགྲོ་གྲོན་མགྱོགས་པོར་འཕར་སྣོན་བྱེད་བཞིན་འདུག་པས། མ་འོངས་པར་ཨུ་རུ་སིས