

ཀྲུང་འཇར་ཧན་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་དཔོན་གྱིས་ཧྲིག་ཨར་ནས་ལོ་གསུམ་གྱི་ནང་ཐོག་དང་པོར་གྲོས་མོལ་ཚོགས་འདུ་བསྡུས། རྒྱལ་ཁབ་གསུམ་གྱི་ད་ལྟའི་གནས་བབ་དང་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས། ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་སོགས་གྲོས་དོན་རྒྱ་ཆེན་པོར་བསམ་འཆར་བརྗེ་རེས་གཏིང་ཟབ་པོར་བྱས་ཤིང་། ཕྱི་འབྲེལ་དཔོན་གསུམ་གྱིས་ཧུར་ཐག་གིས་རྒྱལ་ཁབ་གསུམ་གྱི་གཙོ་འཛིན་གྲོས་མོལ་གཅིག་གྱུར་ཡོང་བར་སྐུལ་འདེད་བྱས་ཏེ། མ་འོངས་པར་རྒྱལ་ཁབ་གསུམ་པོར་སྟབས་བདེ་བོར་བྱུང་ཚེ་མྱུར་བར་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པའི་ཚོགས་འདུ་བསྡུ་བར་མུ་མཐུད་དུ་ཧུར་ཐག་འབད་བརྩོན་བྱས། ཀྲུང་གོའི་ཕྱི་འབྲེལ་དཔོན་ཝང་ཡིས་ཀྱིས་བསྟན་དོན། གལ་ཏེ་རྒྱལ་ཁབ་གསུམ་གྱི་མཉམ་འབྲེལ་བརྟན་ཆགས་ངང་ཡུན་རིང་པོར་རྒྱུན་བསྲིངས་བྱ་འདོད་ཚེ། ངེས་པར་དུ་ནན་ཏན་གྱིས་ལོ་རྒྱུས་ཀྱི་ངེས་ཤེས་གནད་དོན་ལ་གདོང་གཏད་དང་ལེགས་པོར་བསྒྲུབ་དགོས། ད་ལོ་ནི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ལོ་འཁོར་བདུན་ཅུ་ཡིན་པས། རེ་བར་འཇར་པན་གྱ