ཨ་མེ་རི་ཁ་དང་ཧན་གོས་སྐམ་སར་འབུད་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན། ཨ་མེ་རི་ཁ་དང་ཧན་གོའི་ལོ་རེར་ཐེངས་རེ་སྤེལ་བཞིན་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་ཧན་གོའི་ཕུའུ་ཞང་ནས་དངོས་སུ་སྤེལ་མགོ་བརྩམས། སྐམ་དམག་ནས་མཚོ་དམག་གང་ཡིན་ཡང་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་དམག་དོན་སྦྱོང་བརྡར་ཟབ་མོ་བྱེད་བཞིན་ཡོད། མཚོ་དམག་གི་མཉམ་འབྲེལ་གྲུ་གཟིངས་རུ་ཁག་གིས་གཞི་རྒྱ་ཆེ་བའི་སྐམ་སར་འབུད་པའི་དམག་དོན་སྦྱོང་བརྡར་སྤེལ་བཞིན་ཡོད།