

ཉིས་སྟོང་བཅུ་བཞི་ལོའི་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། ཨ་མེ་རི་ཁ་དང་ཧྥེ་ལེ་པེན་གྱི་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཁྲོད་སྐམ་སར་འབུད་པའི་སྦྱོང་བརྡར་བྱེད་བཞིན་པ།
ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་ཚེས་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁ་དང་ཧྥེ་ལེ་པེན། ཨོ་སི་ཁྲུ་ལི་ཡཱ་བཅས་རྒྱལ་ཁབ་གསུམ་གྱིས་ཟླ་བཞི་བའི་ཟླ་སྨད་ལ་དམག་མི་ཁྲི་ལྷག་མངག་ནས་ཧྥེ་ལེ་པེན་ནས་ཉིས་སྟོང་བཅོ་ལྔ་ལོའི་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་རེད་ཟེར།
དཔུང་བ་མཉམ་གཤིབ་ཅེས་པའི་དམག་དོན་སྦྱོང་བརྡར་ནི་ཧྥེ་ལེ་པེན་དང་ཨ་མེ་རི་ཁས་ལོ་རེར་སྤེལ་བཞིན་པའི་རྒྱུན་སྲོལ་གྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཆེ་གྲས་ཤིག་ཡིན་པ་དང་། དཔུང་བ་མཉམ་གཤིབ་ཅེས་པའི་དམག་དོན་སྦྱོང་བརྡར་ཐོག་མ་དེ་གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོར་སྤེལ་ཅིང་། གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོར་ནས་མཚམས་ཆད་པ་དང་། གཅིག་སྟོང་