བྱང་ཆིངས་རྩ་འཛུགས་ཀྱིས་རོ་མཱ་ནི་ཡཱ་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

བྱང་ཆིངས་རྩ་འཛུགས་ཀྱི་ཚབ་མིང་ལ་བཅོ་ལྔའི་དཔྱིད་རླུང་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཚེས་བཅུ་དྲུག་ཉིན་རོ་མཱ་ནི་ཡཱའི་ཤར་ཕྱོགས་ས་ཁུལ་ནས་སྤེལ་མགོ་བརྩམས།

རོ་མཱ་ནི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། དམག་དོན་སྦྱོང་བརྡར་དེ་སོ་སོར་རོ་མཱ་ནི་ཡཱའི་ཅཱ་ལཱ་ཚི་རྫོང་གི་མདའ་འཕེན་ར་བ་དང་ཁང་སི་ཐན་ཁྲ་རྫོང་གི་དམག་བཀོལ་གནམ་གྲུ་ཐང་ནས་སྤེལ་རྒྱུ་རེད། ཨ་མེ་རི་ཁ་དང་དབྱིན་ཇི། མའོ་ཨར་ཏའོ་ཝ། རོ་མཱ་ནི་ཡཱ་བཅས་ནས་ཡོང་བའི་དམག་མི་སྟོང་གཉིས་དང་ཉིས་བརྒྱ་ལྷག་ཐེངས་འདིའི་སྦྱོང་བརྡར་ལ་ཞུགས་རྒྱུ་རེད། དམིགས་ཡུལ་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་དེའི་གྲོགས་པོའི་རྒྱལ་ཁབ་ཀྱི་དམག་དོན་འགུལ་སྐྱོད་ནུས་པར་འགན་སྲུང་བྱེད་པའི་ཆེད་དུ་རེད། སྤེལ་ཡུན་ཉིན་བཅོ་ལྔ་ཡིན་པའི་དམག་དོན་སྦྱོང་བརྡར་སྐབས་སུ། རྒྱལ་ཁབ་བཞིའི་དམག་མི་འཐབ་འཛིང་བཀོད་སྒྲིག་དང་། དངོས་མདའ་གཏོང་འཕེན། འཐབ་རྩལ་ནུས་པ་བཀོལ་ཚུལ་སོགས་སྦྱོང་བརྡར་ལ་ཞུགས་རྒྱུ་རེད།

བསྒྲགས་པ་ལྟར་ན། བཅོ་ལྔའི་དཔྱིད་རླུང་ཞེས་པའི་དམག་དོན་སྦྱོང་བརྡར་ནི་བྱང་ཆིངས་རྩ་འཛུགས་ཀྱི་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་ཆོད་སེམས་འགུལ་སྐྱོད་འཆར་གཞིའི