དཔའ་བོའི་འགྲན་རྩོད་ཅེས་པའི་རྒྱལ་སྤྱིའི་དམིགས་བསལ་དམག་དཔུང་གི་དྲག་རྩལ་འགྲན་བསྡུར་སྐབས་བདུན་པ་ཅོར་ཏན་ནས་སྤེལ་མགོ་བརྩམས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དཔའ་བོའི་འགྲན་རྩོད་ཅེས་པའི་རྒྱལ་སྤྱིའི་དམིགས་བསལ་དམག་དཔུང་གི་དྲག་རྩལ་འགྲན་བསྡུར་སྐབས་བདུན་པ་ཚེས་བཅུ་དགུའི་ཉིན་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱའི་ཆེད་འཐབ་སྦྱོང་བརྡར་ལྟེ་གནས་ནས་སྤེལ་མགོ་བརྩམས། རྒྱལ་ཁབ་བཅོ་བརྒྱད་ཀྱི་འཐུས་མིའི་རུ་ཁག་སོ་བདུན་ཐེངས་འདིའི་འགྲན་བསྡུར་ལ་ཞུགས།

ཉིན་དེའི་མགོ་རྩོམ་པའི་མཛད་སྒོའི་སྟེང་། ཅོར་ཏན་གྱི་དམིགས་བསལ་དམག་དཔུང་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྦྱོང་བརྡར་བྱས་པ་དང་། སོ་ཏི་ཨ་རབ་དང་དབྱི་རག ལེ་པཱ་ནུན། ཅོར་ཏན། ཀྲུང་གོ། ཨུ་རུ་སི། ཨ་མེ་རི་ཁ། ཁཱ་ནཱ་ཏཱ་སོགས་རྒྱལ་ཁབ་བཅོ་བརྒྱད་ཀྱི་འཐུས་མིའི་རུ་ཁག་སོ་བདུན་འགྲན་བསྡུར་ལ་ཞུགས་རྒྱུ་རེད།

ཐེངས་འདིའི་འགྲན་བསྡུར་ཁྲོད་འགྲན་ཞུགས་དམག་མི་དག་སྲང་ལམ་གྱི་ཐོལ་རྒོལ་དང་མི་གཏའ་སྐྱོབ་པ། མི་མེད་ཐང་སྟོང་གི་ཚད་འདས་གཏོང་འཕེན། རི་སྒང་གི་ཚད་འདས་གཏོང་འཕེན་སོགས་རྣམ་གྲངས་བཅུ་གཅིག་གི་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་སྐྱེན་ཚད་དང་མྱུར་ཚད། དྲག་ཚད་སོགས་འགྲན་བསྡུར་བྱས་ཏེ་མིག་རྒྱ་བསྐྱེད་པ་དང་དཔུང་སྡེ་ལ་སྦྱོང་བརྡར་བྱེད་པ། ནུས་པ་ཇེ་དྲག་ཏུ་གཏོང་བའི་དམིགས་ཡུལ་དུ་བསླེབ་པའི་ཆེད་རེད།