ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཝུའུ་ཁི་ལན་ནུབ་ཕྱོགས་ས་ཁུལ་ནས་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཚབ་མིང་ལ་ཉིས་སྟོང་བཅོ་ལྔ་ལོའི་འཇིགས་པ་མེད་པའི་སྲུང་སྐྱོབ་མཁན་ཞེས་པའི་ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཚེས་ཉི་ཤུའི་ཉིན་ཝུའུ་ཁི་ལན་ནུབ་ཕྱོགས་ཀྱི་ལེ་བོ་ཧྥུའུ་ཀྲིག་ནས་སྤེལ་མགོ་བརྩམས།

ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་བཤད་རྒྱུར། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལས་ཝུའུ་ཁི་ལན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་དེ་ངོ་བོ་རང་བཞིན་གྱི་ནང་དོན་ལྡན་པའི་དུས་རབས་གསར་བར་བསླེབ་བཞིན་པ་མཚོན་ཡོད་ཟེར། ཝུའུ་ཁི་ལན་ནང་སྲིད་བློན་ཆེན་ཨ་ཝ་ཁི་ཧྥུའུ་ཡིས་ཉེ་སྔོན་བཤད་རྒྱུར། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ལོ་ཕྱེད་ཙམ་འགོར་རྒྱུ་ཡིན་པ་དང་། དེའི་སྐབས་སུ་ཨ་མེ་རི་ཁའི་ཁྲིད་སྟོན་པས་ཝུའུ་ཁི་ལན་ནང་སྲིད་པུའུ་ཡི་ཁོངས་སུ་གཏོགས་པའི་རྒྱལ་དམངས་བདེ་སྲུང་དམག་དཔུང་ལ་གསོ་སྦྱོང་བྱེད་རྒྱུ་རེད།