པུར་ཀ་རི་ཡཱ་དང་ཨ་མེ་རི་ཁས་མཉམ་འབྲེལ་གྱི་མཁའ་དམག་སྦྱོང་བརྡར་བྱ་འགུལ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཚབ་མིང་ལ་ཉིས་སྟོང་བཅོ་ལྔ་ལོའི་སུ་ལོས་སིའི་གླག་རྒོད་ཅེས་པའི་པུར་ཀ་རི་ཡཱ་དང་ཨ་མེ་རི་ཁའི་མཉམ་འབྲེལ་གྱི་མཁའ་དམག་སྦྱོང་བརྡར་བྱ་འགུལ་དེ་ཚེས་ཉི་ཤུའི་ཉིན་པུར་ཀ་རི་ཡཱ་ནས་སྤེལ། པུར་ཀ་རི་ཡཱའི་རྒྱལ་སྲུང་པུའུ་ཡི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ཉུང་མཐར་ཡང་ཨ་མེ་རི་ཁའིF-15རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བདུན་དང་པུར་ཀ་རི་ཡཱའི་མུས་ཀི-29དང་སུའུ-25རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་རེད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། དུས་ཡུན་ཉིན་བཅུ་ཡིན་པའི་དམག་དོན་སྦྱོང་བརྡར་སྐབས་སུ། ཨ་མེ་རི་ཁའི་ལུའུ་དབྱེ་སི་ཨན་ནཱ་ཀྲིག་ནས་ཡོང་བའི་མི་དམངས་ཉེན་སྲུང་རུ་ཁག་གི་མཁའ་དམག་གིF-15རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་པུར་ཀ་རི་ཡཱའི་མུས་ཀི-29དང་སུའུ-25རྟགས་ཅན་གྱི་འཐབ་འཛིང་གནམ་གྲུས་བར་སྣང་ནས་འཐབ་རེས་བྱེད་པའི་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་མ་ཟད། འཕུར་མདའི་འགོག་སྲུང་སོགས་ནང་དོན་ཐད་ནས་མཉམ་འབྲེལ་སྦྱོང་བརྡར་བྱེད་རྒྱུ་རེད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་པུར་ཀ་རི་ཡཱའི་མཁའ་དམག་གི་འཐབ་རྩལ་ཆུ་ཚད